བཞུཊ་སྒར་དུ་བོད་ཀྱི་བུད་མེད་ཀྱི་སྒེར་ལངས་ཐེངས་༥༡།

དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བཞུཊ་སྒར་དུ་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ལྔ་བཅུ་ང་གཅིག་པ་དེ་སྲུང་བརྩི་ཟབ་རྒྱ་ཞུས་པ།

བཞུགས་སྒར་དུ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་ཀྱི་བུད་མེད་ཀྱི་སྒེར་ལངས་ཐེངས་ལྔ་བཅུ་ང་གཅིག་པ་དེ་སྲུང་བརྩི་ཞུ་བཞིན་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་དོན་ཡོད།

གསར་འགྱུར་ལ་གསན་རོགས།

༄༅༎ཕྱི་ཟླ་གསུམ་པའི་ཚེས་བཅུ་གཉིས་ཀྱི་ཉིན་ཏེ།ཕྱི་ལོ་ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ང་དགུ་ལོར་བོད་ཀྱི་རྒྱལ་ས་ལྷ་ས་ལ་བོད་ཀྱི་བུད་མེད་ངོས་ནས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གནང་སྟེ་ལོ་ངོ་ལྔ་བཅུ་ང་གཅིག་འཁོར་བའི་གལ་ཆེའི་དུས་དྲན་ཞིག་ཡིན་པར་བརྟེན།བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱེད་པའི་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ།བོད་ཀྱི་བུད་མེད་ཀྱི་སྒེང་ལངས་ཐེངས་ལྔ་བཅུ་ང་གཅིག་པ་དེ་སྲུང་བརྩིའི་མཛད་སྒོ་ཟབ་རྒྱས་ཤིག་ཚོགས་གནང་ཡོད་པའི་སྐོར།འདི་གའི་གསར་འགོད་པ་བློ་བེ་ལགས་ཀྱིས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org