བཞུགས་སྒར་དུ་མར་མེ་ཁྲོམ་སྐོར།

བཞུགས་སྒར་དུ་བོད་མི་ཚོས་ཉེ་ཆར་རྔ་བ་ཁུལ་དུ་རང་ལུས་མེ་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་བོད་མི་གཉིས་ལ་གདུང་སེམས་མཉམ་སྐྱེད།

གསར་འགྱུར་ལ་གསན་རོགས།

༄༅༎ཕྱི་ལོ་ ༢༠༡༢་ ཟླ་ ༤་ ཚེས་ ༡༩་ ཉིན། བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་བོད་མི་ཚོས། ཉེ་ཆར་བོད་རྔ་བ་ཁུལ་འཛམ་ཐང་རྫོང་དུ་བོད་རིགས་ན་གཞོན་གཉིས་ནས། རྒྱ་གཞུང་ལ་ངོ་རྒོལ་མཚོན་ཆེད་དུ་རང་ལུས་མེ་བསྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བར་གདུང་སེམས་མཉམ་སྐྱེད་ཆེད་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བློ་བེ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org