བལ་ཡུལ་གཞུང་ལ་རྒྱ་གཞུང་གིས་གནོན་ཤུགས།
2009.05.07
![]() |
གསར་འགྱུར་གསན་རོགས་གནང་། |
༄༅༎བལ་ཡུལ་དུ་བོད་མི་སྐྱབས་བཅོལ་བ་སྟོང་ཕྲག་ཉི་ཤུ་ལྷག་གནས་སྡོད་བྱེད་བཞིན་ཡོད་པ་དང་བོད་མི་ཚོས་བོད་རང་དབང་འཐབ་རྩོད་ཀྱི་ཆེད་སྤེལ་བའི་ཆབ་སྲིད་ཀྱི་ལས་འགུལ་ཁག་ལ་བལ་ཡུལ་གཞུང་གིས་སྔ་མ་ནས་དམ་བསྒྲགས་བྱེད་བཞིན་ཡོད་ཀྱང་ལྷག་པར་དུ་ལོ་སྔ་མ་གཞུང་འཛིན་གསར་པ་མའོ་ཚོགས་པས་དམིགས་བསལ་གྱི་དམ་བསྒྲགས་བྱས་དགོས་པའི་རྒྱུ་མཚན་ནི་རྒྱ་གཞུང་གིས་བལ་ཡུལ་གཞུང་ལ་སྔར་དང་མི་འདྲ་བའི་གནོན་ཤུགས་སྤྲད་པར་བརྟེན་ཡིན་ལུགས་འབྲེལ་ཡོད་མི་སྣ་ཁག་གིས་འདི་གའི་གསར་འགོད་པ་ཀླུ་འབུམ་བཀྲ་ཤིས་ལ་འགྲེལ་བརྗོད་གནང་བ་ཞིག་གསན་རོགས་གནང་༎