གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་རྒྱུ།
བཀའ་སྤྱི་ཐུན་མོང་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཆེད་སང་ཉིན་ནས་བཟུང་ཉིན་གྲངས་བཞིའི་རིང་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་རྒྱུ་རེད་འདུག
-
2013-01-29 -
-
-
Your browser doesn’t support HTML5 audio
༄༅། །བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་དང་། རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་ཐོབ་ཐབས་སུ་དམིགས་ནས་སང་ཉིན་ཕྱི་ཟླ་༡ཚེས་༣༠ནས་ཕྱི་ཟླ་༢་ཚེས་༢བར་ཉིན་གྲངས་བཞིའི་རིང་བཀའ་སྤྱི་ཐུན་མོང་གིས་རྒྱ་གར་རྒྱལ་ས་ལྡི་ལིར་དམིགས་བསལ་ལས་འགུལ་སྤེལ་རྒྱུ་ཡིན་པའི་སྐོར་གསར་འགོད་ལྷན་ཚོགས་ཤིག་གནང་འདུག དེའི་སྐོར་ང་ཚོའི་གསར་འགོད་པ་ཇོ་ལེབ་ཆོས་འཕེལ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།།