མདོ་སྨད་རྔ་བ་རྫོང་ཐོག་ཏུ་སླར་ཡང་རང་ལུས་མེ་སྲེག

དེ་རིང་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཚུལ་ཁྲིམས་ཞུ་བས་རང་ལུས་བསྲེགས་ཏེ་རྒྱ་གཞུང་ལ་ངོ་རྒོལ་གནང་ཡོད་པའི་གནས་ཚུལ།

བོད་མདོ་སྨད་རྔ་ཀིརྟི་དགོན་པ། ཨེ་ཨེཕ་པི།
གསར་འགྱུར་ལ་གསན་རོགས།

༄༅༎ཕྱི་ལོ་༢༠༡༢ ཟླ་ ༨ ཚེས་ ༦ ཉིན།  བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༥ དང་སྐར་མ་ ༡༠ ཡས་མས་ཤིག་ལ། བོད་མདོ་སྨད་རྔ་བ་རྫོང་ཐོག་གི་དཔའ་བོ་སྲང་ལམ་དུ་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གནང་ཡོད་པའི་སྐོར། ད་ལྟ་བོད་མདོ་སྨད་རྔ་བ་ཕྱོགས་སུ་ཡོད་པའི་འབྲེལ་ཡོད་བོད་མི་ཞིག་གིས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org