བལ་ཡུལ་བོད་མི་ཚོས་ངོ་རྒོལ།

འདི་ལོ་ལོ་གསར་ཚེས་པ་གཅིག་གི་ཉིན་བལ་ཡུལ་དུ་བོད་མི་ཚོས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་བྱས་པ།

སྔ་ལོ་བོད་ནང་བོད་དོན་ཆེད་རང་སྲོག་བློས་བཏང་བའི་བོད་མི་རྣམས་ལ་རྗེས་དྲན་མཚོན་ཆེད་བལ་ཡུལ་བོད་མི་ཚོས་མར་མེ་ཁྲོམ་སྐོར་གནང་བཞིན། གསར་འགོད་པ་ཀླུ་འབུམ་བཀྲ་ཤིས།

གསར་འགྱུར་ལ་གསན་རོགས་གནང་།

༄༅༎འདས་མ་ཐག་པའི་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་བོད་ནང་བྱུང་བའི་ཛ་དྲག་གི་གནས་སྟངས་དང་ལྷག་པར་དུ་བོད་རྒྱལ་ཁབ་དང་བོད་རིགས་ཡོངས་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་དཔའ་བོ་དཔའ་མོ་རྣམས་རྗེས་དྲན་དང་རྒྱ་གཞུང་གིས་མུ་མཐུད་དེ་འཛིན་བཟུང་བཙོན་འཇུག་དང་ཉེས་རྡུང་ཚད་མེད་གཏོང་བཞིན་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་བལ་ཡུལ་གནས་སྡོན་བོད་མི་ཚོས་འདི་ལོ་ལོ་གསར་ཚེས་པ་གཅིག་གི་ཉིན་བལ་ཡུལ་རྒྱ་ནག་གཞུང་ཚབ་ཡན་ལག་མཐོང་མཆན་ལས་ཁུངས་ཀྱི་སྒོ་ཆེན་ཐོག་བོད་ཀྱི་རྒྱལ་བསྒྲེངས་བཙུགས་བྱས་ཡོད་པ་དང་མར་མེ་ཁྲོམ་སྐོར་སོགས་ལས་འགུལ་ཁག་ཅིག་སྤེལ་ཡོད་པའི་སྐོར་འདི་གའི་གསར་འགོད་པ་ཀླུ་འབུམ་བཀྲ་ཤིས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org