བྱང་ཨ་རིའི་བོད་མིའི་ཚོགས་ཆེན་ལེགས་སྒྲུབ།
བཀའ་བློན་ཁྲི་པ་མཆོག་གི་དབུ་བཞུགས་ཐོག་ཟླ་བ་འདིའི་ཚེས་ ༢༡ ཉིན་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༣ དེ་ཨ་རིའི་ནིའུ་ཡོརྐ་གྲོང་ཁྱེར་དུ་བསྐོང་ཚོགས་གནང་འདུག
-
2012-07-24 -
-
-
Your browser doesn’t support HTML5 audio
༄༅། །དེ་ཡང་བྱང་ཨ་མེ་རི་ཀའི་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་གནང་བ་ལྟར། ཚོགས་ཆེན་དེའི་ཐོག་བྱང་ཨ་རིའི་བོད་གཞུང་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་དང་། བྱང་ཨ་རིའི་བོད་མི་མང་གི་སྤྱི་འཐུས་ནོར་བུ་ཚེ་རིང་ལགས་དང་། བཀྲིས་རྣམ་རྒྱལ་ལགས་ དེ་བཞིན་ས་གནས་༢༥་ནས་བོད་རིགས་སྤྱི་མཐུན་ཚོགས་པའི་སྐུ་ཚབ་འཐུས་མི་ ༣༥ མཉམ་བཞུགས་གནང་འདུག ད་རེས་ཀྱི་ཚོགས་འདུ་དེའི་ནང་གཙོ་བ་གྲོས་གཞི་ཁག་དྲུག་གི་ཐོག་ལ་བཀའ་བསྡུར་གནང་འདུག ཞིབ་ཕྲ་ སྟག་ལྷ་རྒྱལ་གྱིས་སྙན་སྒྲོན་ཞུས་པའི་གནས་ཚུལ་ལ་གསན་རོགས།