ས་ར་བོད་ཀྱི་མཐོ་སློབ་ཏུ་ཤེས་ཡོན་སླར་གསོའི་བགྲོ་གླེང༌།
ས་ར་བོད་ཀྱི་མཐོ་སློབ་ཏུ་རྒྱ་གར་ནང་ཡོད་པའི་བོད་པའི་མཐོ་སློབ་ཁག་གི་འཐུས་མི་ལྷན་བཞུགས་ཐོག་ཤེས་ཡོན་སླར་གསོའི་བགྲོ་གླེང༌གནང་ཡོད་པ།
-
2009-08-03 -
-
-
Your browser doesn’t support HTML5 audio
གསར་འགྱུར་ལ་གསན་རོགས་གནོངས། |
༄༅༎བཞུགས་སྒར་རྡ་རམ་ས་ལའི་ཉེ་འགྲམ་དུ་ཡོད་པའི་ས་ར་བོད་ཀྱི་མཐོ་སློབ་ཏུ་མཐོ་སློབ་དེའི་གཞོན་ནུ་རུ་ཁག་གི་གོ་སྒྲིག་འོག་རྒྱ་གར་ནང་ཡོད་པའི་བོད་པའི་མཐོ་སློབ་ཁག་གི་འཐུས་མི་མཉམ་ཞུགས་ཐོག་འདས་པའི་མི་ལོ་སུམ་བཅུ་རིང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་ཐོག་འཐུས་ཤོར་ཕྱིན་ཡོད་པའི་རྒྱུ་རྐྱེན་ཁག་དང་།ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་ཐབས་སོགས་ཀྱི་ཐད།ཕྱི་ཟླ་བདུན་པའི་ཚེས་ཉི་ཤུ་བདུན་ནས་འགོ་བཙུགས་ཏེ།གཞི་རྒྱ་ཆེ་བའི་བགྲོ་གླེང་ཞིག་ཚོགས་ཡོད་པའི་སྐོར།བགྲོ་གླེང་ཚོགས་འདུ་གོ་སྒྲིག་གནང་མཁན་བློ་བཟང་བཟོད་པ་ལགས་དང་ས་ར་མཐོ་སློབ་ཀྱི་དགེ་རྒན་ཨ་འཁོར་བཟོད་པ་ལགས་བཅས་རྣམ་པ་གཉིས་དང་ལྷན་དུ་།དཔལ་ལྡན་རྒྱལ་གྱིས་གླེང་མོལ་ཞུས་པ་ཞིག་ལ་གསན་རོགས་གནོངས༎