ལྡོང་རྒྱུད་དོན་གྲུབ་རྒྱ་མཚོ།

ཁ་རྒྱ་དགོན་པའི་བླ་སྲོག་དུས་དེབ་ཀྱི་རྩོམ་སྒྲིག་པ་ལྡོང་རྒྱུད་དོན་གྲུབ་རྒྱ་མཚོ་བཙོན་ཁང་གང་དུ་ཡོད་མེད།

༢༠༠༨ལོར་བོད་མདོ་སྨད་ཕྱོགས་སུ་དགེ་འདུན་པ་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་ཀྱི་འདྲ་པར། བོད་ནས་བཏང་བའི་འདྲ་པར།
ལེ་ཚན་ལ་གསན་རོགས།

༄༅༎དེ་རིང་གི་རང་དབང་གི་གླེང་སྟེགས་ཞེས་པའི་ལེ་ཚན་ནང་དུ། རྒྱ་ནག་གཞུང་གིས་གཙོད་ས་གནས་སུ་ཡོད་པའི་། ཁ་རྒྱ་དགོན་པའི་བླ་སྲོག་དུས་དེབ་ཀྱི་རྩོམ་སྒྲིག་པ། ལྡོང་རྒྱུད་དོན་གྲུབ་རྒྱ་མཚོ་ལ་ལོ་བརྒྱད་ཀྱི་ཁྲིམས་ཐག་བཅད་ནས།  ལིན་ཀྲིག་གྲོང་ཁྱེར་ནས་ལེ་བར་བརྒྱ་ལྷག་གི་མཚམས་སུ་ཡོད་པའི་ལིན་ཞིས་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པར་དངོས་སུ་བལྟ་རུ་སོང་བའི་མི་སྣ་ཞིག་དང་མཉམ་དུ་། བཙོན་ཁང་དེར་ཡོད་པའི་ལྡོང་རྒྱུད་དོན་གྲུབ་རྒྱ་མཚོ་དང་།  བླ་བྲང་དུས་འཁོར་ཐབས་མཁས་གཉིས་ཀྱི་གནས་སྟངས་སྐོར་ལ། དཔལ་ལྡན་རྒྱལ་གྱིས་གླེང་མོལ་བྱས་པར་ཉན་རོགས་གནོངས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org