བོད་ཀྱི་ཚོང་ལས་སྡེ་ཚོགས།

ད་རེས་རྒྱ་གར་དང་བལ་ཡུལ་ནས་བོད་ཀྱི་ཚོང་ལས་སྡེ་ཚོགས་ཀྱི་འགན་འཛིན་རྒྱུན་ལས་སྐུ་ཚབ་ཁག་ཅིག་ཨ་རིའི་རྒྱལ་ས་མངའ་ཁུལ་དུ་ཕེབས་ཡོད་པ་རེད།

ཚོང་ལས་སྡེ་ཚོགས་ཀྱི་འཐུས་མིར་བཅར་འདྲི་ཞུ་བཞིན་པ།

༄༅།    །དེ་རིང་གི་གཞིས་བྱེས་བོད་མི་ཟེར་བའི་ལེ་ཚན་ནང་།    ད་རེས་རྒྱ་གར་དང་བལ་ཡུལ་ནས་བོད་ཀྱི་ཚོང་ལས་སྡེ་ཚོགས་ཀྱི་འགན་འཛིན་རྒྱུན་ལས་སྐུ་ཚབ་ཁག་ཅིག་ཨ་རིའི་རྒྱལ་ས་མངའ་ཁུལ་དུ་ཕེབས་ཡོད་པ་དང་བསྟུན།    རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་ཨ་རུ་ན་ཅལ་སོགས་སུ་ཨིན་སྐད་ནང་EarthLink Tours & Travelsཚོང་ལས་ཁང་གི་འགན་འཛིན་ཐུབ་བསྟན་བྱམས་ལགས་དང་། བལ་ཡུལ་ནང་Silk Road Rug ཟེར་བའི་བོད་ཀྱི་རུམ་གདན་བཟོ་ཁང་པ་དང་བོད་མིའི་ཚོང་ལས་སྡེ་ཚོགས་ཀྱི་རྒྱུན་ལས་ནམ་ལང་བསྟན་འཛིན་ལགས། བཙན་བྱོལ་བོད་མིའི་ཚོང་ལས་བདེ་དོན་ཚོགས་པའི་དངུལ་གཉེར་དང་རྒྱ་གར་ནང་Dr.Mobile Company ཟེར་བའི་ལག་འཁྱེར་ཁ་པར་ཚོང་ལས་ཁང་གསར་འཛུགས་གནང་མི་སྐལ་བཟང་ཕུན་ཚོགས་ལགས་བཅས་ལ་ཁོང་རྣམས་ད་རེས་ཨ་རིའི་ནང་ཕེབས་དགོས་དོན་དང་ལས་རིམ་སོགས་ཀྱི་སྐོར་ཚེ་དབང་ནོར་བུས་བཅའ་འདྲི་ཞུས་པ་གསན་རོིགས་ཞུ།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org