ལྡི་ལི་རུ་བོད་རིཊ་སློབ་མ་ཁག་ནས་ངོ་རྒོལ།

བོད་རིགས་སློབ་མ་ཁག་ནས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེ་མཚོན་ཆེད་དུ་ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ།

བོད་རིགས་སློབ་མ་ཁག་ནས་ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་བྱེད་སྐབས་ཉེན་རྟོག་པས་འཛིན་བཟུང་བྱེད་བཞིན་པ། རོ་ཧི་ནི་བོད་ཀྱི་གཞོན་ནུ།
གསར་འགྱུར་ལ་གསན་རོགས།

༄༅༎ཕྱི་ལོ་ ༢༠༡༡ ཚེས་ ༩ ཉིན།  བོད་རིགས་སློབ་མ་ཁག་གིས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེ་དང་་རྒྱབ་སྐྱོར་མཚོན་ཆེད་དུ། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་བྱས་ཡོད་པའི་སྐོར། འདི་གའི་གསར་འགོད་པ་དཀར་མཛེས་བསོད་ནམས་དབང་འདུས་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པ་ཞིག་ལ་གསན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org