༸གོང་ས་མཆོག་དགུང་ལོ་༧༥་ལ་ཕེབས་པ།

བཞུགས་སྒར་དུ་བཙན་བྱོལ་བོད་གཞུང་མང་ནས་༸གོང་ས་མཆོག་དགུང་ལོ་༧༥་ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུས་གནང་བ།

ཕྱི་ཟླ་བདུན་པའི་ཚེས་དྲུག་གི་ཉིན་བཞུཊ་སྒར་དུ་བཙན་བྱོལ་བོད་གཞུང་མང་ནས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བསྟན་འཛིན་དོན་ཡོད།

གསར་འགྱུར་ལ་གསན་རོགས།

༄༅༎ཕྱི་ལོ་ཉིས་སྟོང་བཅུ་ཟླ་བདུན་པའི་ཚེས་དྲུག་རེས་གཟའ་མིག་དམར་གྱི་ཉིན། བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར། བཙན་བྱོལ་བོད་གཞུང་མང་གཉིས་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་དགུང་ལོ་༧༥་ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུས་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་རྡོ་གཅོད་བསྟན་འཛིན་དབང་རྒྱལ་ལགས་ཀྱིས། ས་གནས་ས་ཐོག་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org