རྒྱ་གཞུང་ནས་སློབ་སྦྱོང་སྤྲོད་ལེན་ལ་བཀག་འགོག

བོད་ཀྱི་ཁམས་དཀར་མཛེས་ཁུལ་དུ་སློབ་གྲྭའི་གུང་སེང་དང་བསྟུན། ཉེ་འཆར་སློབ་ཕྲུག་རྣམས་ལ་ཟུར་དུ་སློབ་ཁྲིད་བྱ་རྒྱུའི་ལས་གཞི་ཞིག་སྤེལ་ཡོད་ཀྱང། རྒྱ་ནག་གཞུང་ནས་དེ་ལྟར་སྤེལ་རྒྱུར་དམ་དྲག་གིས་བཀག་འགོག་བྱས་འདུག

༄༅།    །ཁམས་དཀར་མཛེས་ཁུལ་གྱི་བོད་པའི་ཚོང་པ་དང་།    དགེ་འདུན་པ་ཁག་ཅིག་གིས་དཔལ་འབྱོར་གྱི་འགྲོ་གྲོན་བཏང་ནས།    སློབ་གྲྭའི་གུང་སེང་དང་བསྟུན།    སློབ་ཕྲུག་རྒན་གཞོན་བར་གསུམ་ཡོངས་ལ་ཟུར་དུ་སློབ་ཁྲིད་ཀྱི་ལས་གཞི་ཞིག་སྤེལ་ཡོད་པ་རེད།    འོན་ཀྱང་རྒྱ་ནག་གཞུང་ནས་དེ་བཀག་འགོག་བྱས་ནས་སློབ་མ་ཚོའི་ནང་མི་རྣམས་ཚོགས་འདུ་སྐོང་བཞིན་ཡོད་པ་རེད་འདུག    གནད་དོན་དེའི་ཐོག་སློབ་མའི་ནང་མི་ཞིག་ནས་ང་ཚོའི་ཨོས་ཊྲེ་ལི་ཡའི་གསར་འགོད་པ་ནོར་བུ་དགྲ་འདུལ་ལ་ངོ་སྤྲོད་གནང་བའི་གནས་ཚུལ་ལ་གསན་རོགས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org