རྒྱ་མིའི་དམག་མི་ཚོར་ལྷག་བསམ་རྣམ་དག་མེད་པ།
རྒྱ་གཞུང་གིས་ཁམས་སྐྱེ་རྒུ་མདོ་རུ་རོགས་སྐྱོར་ཆེད་བཏང་བའི་དམིག་མི་ཚོས་ལྷག་བསམ་རྣམ་དག་གི་ཐོག་ནས་མི་མང་ལ་རོགས་སྐྱོར་བྱས་མེད་པ།
-
2010-04-17 -
-
-
Your browser doesn’t support HTML5 audio
གསར་འགྱུར་ལ་གསན་རོགས |
༄༅༎ཉེ་ཆར་ཕྱི་ཚེས་བཅུ་བཞིའི་ཉིན་བོད་ཁམས་སྐྱེ་རྒུ་མདོ་རུ་ས་ཡོམ་ཤུགས་ཆེན་བརྒྱབ་ནས་མི་རྒྱུ་གཉིས་ཀར་གོད་ཆགས་ཆེན་པོ་ཕོག་ཡོད་ནའང།རྒྱ་གཞུང་ནས་ཉིན་མ་གཅིག་གི་རིང་ལྟ་རྟོགས་རྩ་བ་ནས་མེད་པ་མ་ཟད།དམག་མི་སོགས་རོགས་སྐྱོར་ཆེད་བཏང་ཡོད་ནའང་ལྷག་བསམ་རྣམ་དག་གི་ཐོག་ནས་གོད་ཆགས་ཕོག་པའི་མི་མང་ལ་རོགས་སྐྱོར་བྱེད་མེད་པའི་སྐོར།་ས་གནས་ས་ཐོག་ནས་བོད་མི་ཞིག་གིས་འདི་གའི་གསར་འགོད་པ་དཀར་མཛེས་ནོར་བུ་དགྲ་འདུལ་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས༎