ཁམས་ལི་ཐང་ཁུལ་དུ་བོད་མི་བཅུ་དགུ་འཛིན་བཟུང་བྱས་པ།

ཕྱི་ཚེས་བཅུ་དྲུག་ཉིན་ཁམས་ལི་ཐང་ཁུལ་དུ་བོད་མི་ཚོས་ངོ་རྒོལ་བྱས་པར་བརྟེན་རྒྱ་གཞུང་གིས་བོད་མི་ཁྱོན་སྡོམ་བཅུ་དགུ་འཛིན་བཟུང་བྱས་ཡོད་པ།

གསར་འགྱུར་ལ་གསན་རོགས་གནང་།

༄༅༎ཕྱི་ལོ་ཉིས་སྟོང་དགུ་ཕྱི་ཟླ་གཉིས་པའི་ཚེས་བཅུ་དྲུག་ཉིན་ཁམས་ལི་ཐང་ཁུལ་དུ་བོད་མི་སེར་སྐྱ་མང་པོ་ཞིག་གིས་བོད་རང་བཙན་སོགས་ཀྱི་སྐད་འབོད་བརྒྱབ་ཡོད་པར་བརྟེན་ཉིན་དེར་བོད་མི་ཁྱོན་སྡོམ་བོད་མི་བཅུ་དགུ་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་དེའི་ཁོངས་ནས་བོད་མི་གཅིག་གར་སོང་ཆ་མེད་དུ་གྱུར་ཡོད་པའི་སྐོར་འདི་གའི་གསར་འགོད་པ་རྡོ་གཅོད་བསྟན་འཛིན་དབང་རྒྱལ་གྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་༎

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org