བོད་མིའི་སྒྲིག་འཛུགས་ནས་རང་ལུས་མེ་བསྲེག་ཐད་ཐུགས་འཚབ།
རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རང་ལུས་མེ་བསྲེག་བཏང་བའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ལ་ཐུགས་འཚབ་ཆེན་པོ་བྱུང་བ།
-
2012-03-27 -
-
-
Your browser doesn’t support HTML5 audio
གསར་འགྱུར་ལ་གསན་རོགས། |
༄༅༎དེ་རིང་གི་དམིགས་བསལ་གསར་འགྱུར་ནང༌། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༦ ཉིན། རྒྱ་གར་རྒྱལ་ས་ལྡི་ལིར་རང་ལོ་ ༢༧ སོན་པའི་བོད་མི་གཞོན་སྐྱེས་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཐོན་པར། བོད་མིའི་སྒྲིག་འཛུགས་ལ་སེམས་འཚབ་ཆེན་པོ་བྱུང་བ་དང་། ང་ཚོས་ཁོང་དང་ཁོང་གི་ནང་མི་སྤུན་མཆེད་ཚོར་སྙིང་ཐག་པ་ནས་སེམས་གསོ་དང་སྨོན་ལམ་གསོལ་འདེབས་ཞུ་རྒྱུ་སོགས་ཀྱི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་སྐོར། ཚེ་དབང་ནོར་བུས་གནས་ཚུལ་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།