བོད་མི་ཞིག་ལ་སྲོག་ཐོག་གཏང་རྒྱུ།
རྒྱ་གཞུང་གིས་བོད་མི་བསོད་ནམས་ཚེ་རིང་ཞུ་བ་ཞིག་ལ་སྲོག་ཐོག་ཁྲིམས་བཅད་དང་གཞན་བོད་མི་ལྔ་ལ་བཙོན་འཇུག
-
2010-05-27 -
-
-
རྒྱ་གཞུང་གིས་དུས་འགྱངས་སྲོག་ཐོག་ཁྲིམས་བཅད་བཏང་བའི་བོད་མི་བསོད་ནམས་ཚེ་རིགས་ལགས་ཀྱི་འདྲ་པར།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་དྲ་གནས།
Your browser doesn’t support HTML5 audio
གསར་འགྱུར་ལ་གསན་རོགས། |
༄༅༎ཕྱི་ཟླ་ལྔ་པའི་ཚེས་ཉེར་ལྔ་རེས་གཟའ་མིག་དམར་གྱི་ཉིན།ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས།ཉིས་སྟོང་བརྒྱད་ཟླ་བ་གསུམ་པའི་ཚེས་བཅུ་བཞི་ཉིན་ལྷ་སའི་བར་སྐོར་གཙུག་ལག་ཁང་མདུན་ཐང་དུ་ངོ་རྒོལ་སྐད་འབོད་ནང་ཞུགས་མཁན་བསོད་ནམས་ཚེ་རིང་ལགས་སུ་ལོ་གཉིས་དུས་འགྱངས་ཀྱི་སྲོག་ཁྲིམས་བཅད་པ་དང༌།དེ་བཞིན་བསོད་ནམས་ཚེ་རིང་གསང་ཉར་བྱེད་མཁན་བོད་མི་གཞན་ལྔ་ལ་ལོ་གསུམ་ནས་བདུན་བར་གྱི་བཙོན་ཁྲིམས་ཐག་བཅད་ཡོད་པའི་སྐོར།འདི་གའི་གསར་འགོད་པ་རྡོ་གཅོད་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎