དཀོན་མཆོག་བསོད་ནམས་ཀྱི་ཆེད་མཆོད་སྨོན།

རྒྱ་གར་བདེ་སྐྱིད་གླིང་བོད་མིའི་ཆགས་སུ་གདུང་སེམས་མཉམ་བསྐྱེད་དང་རྗེས་དྲན་མར་མེའི་ཁྲོམ་སྐོར་གནང་བ།

ལོ་ན་བཅོ་བརྒྱད་ལས་མ་ཟིན་པ་དགེའདུན་པ་དཀོན་མཆོག་བསོད་ནམས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་འདུག ལོ་སྦེ།

༄༅༎ཕྱི་ཟླ་༧ཚེས་༢༠རེས་གཟའ་སྤེན་པའི་ཉིན་ཨ་མདོ་རྔ་བ་ཁུལ་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་དགོན་པའི་དགེ་འདུན་པ་དཀོན་མཆོག་བསོད་ནམས་ལགས་བོད་དོན་ཆེད་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་བ་ཁོང་ལོ་གདུང་སེམས་མཉམ་བསྐྱེད་ཞུ་ཆེད་དང་བོད་དོན་ཆེད་རང་ལུས་མེར་སྲེག་གཏོང་མཁན་འདས་སོན་ཡོངས་ལ་རྗེས་དྲན་ཞུ་ཆེད་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་།ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་གཉིས་ནས་མཆོད་འབུལ་སྨོན་ལམ་དང་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཟོད་པ་རྒྱ་མཚོ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org