ས་ར་མཐོ་སློབ་ཏུ་བགྲོ་གླེང༌།
ས་ར་བོད་ཀྱི་མཐོ་སློབ་ཏུ་རྒྱ་གར་ནང་གི་བོད་པའི་མཐོ་སློབ་ཁག་གི་འཐུས་མི་མཉམ་ཞུཊ་ཐོག་ཤེས་ཡོན་སླར་གསོའི་བགྲོ་གླེང༌།
-
2009-07-30 -
-
-
བཀའ་བློན་ཁྲི་པ་མཆོག་གིས་ས་ར་བོད་ཀྱི་མཐོ་སློབ་ཏུ་ཤེས་ཡོན་སླར་གསོའི་བགྲོ་གླེང་གི་འགོ་འབྱེད་མཛད་སྒོའི་ནང་ལྷན་ཞུཊ་གནང་བཞིན་པ།
བཙན་བྱོལ་བོད་གཞུང་གི་དྲ་གནས།
Your browser doesn’t support HTML5 audio
གསར་འགྱུར་ལ་གསན་རོགས་གནོངས། |
༄༅༎བཞུགས་སྒར་རྡ་རམ་ས་ལའི་ཉེ་འགྲམ་དུ་ཡོད་པའི་ས་ར་བོད་ཀྱི་མཐོ་སློབ་ཏུ་མཐོ་སློབ་དེའི་གཞོན་ནུ་རུ་ཁག་གི་གོ་སྒྲིག་འོག་རྒྱ་གར་ནང་ཡོད་པའི་བོད་པའི་མཐོ་སློབ་ཁག་གི་འཐུས་མི་མཉམ་ཞུགས་ཐོག་འདས་པའི་མི་ལོ་སུམ་བཅུ་རིང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་ཐོག་འཐུས་ཤོར་ཕྱིན་ཡོད་པའི་རྒྱུ་རྐྱེན་ཁག་དང་།ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་ཐབས་སོགས་ཀྱི་ཐད།ཕྱི་ཟླ་བདུན་པའི་ཚེས་ཉི་ཤུ་བདུན་ནས་འགོ་བཙུགས་ཏེ།གཞི་རྒྱ་ཆེ་བའི་བགྲོ་གླེང་ཞིག་ཚོགས་བཞིན་ཡོད་པའི་སྐོར།འདི་གའི་གསར་འགོད་པ་རྡོ་གཅོད་བསྟན་འཛིན་དབང་རྒྱལ་གྱིས་བཞུགས་སྒར་རྡ་རམ་ས་ལ་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་གནོངས༎