བླང་དོར་གྱི་བཀའ་སློབ།

༸གོང་ས་མཆོག་ནས་འབུམ་སྡེ་ལར་ཡོད་པའི་ས་གནས་བོད་མི་ཆིག་སྟོང་ལྷག་ལ་བླང་དོར་གྱི་བཀའ་སློབ་བསྩལ་གནང་བ།

༸གོང་ས་མཆོག་ནས་འབུམ་སྡེ་ལར་ས་གནས་དད་ལྡན་མི་མང་ཚོར་འཚམས་འདྲི་གནང་བཞིན་པ། ཨེ་ཨེཕ་པི།

གསར་འགྱུར་ལ་གསན་རོགས།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྟ་དབང་དང་སྡི་རང་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་གནང་བའི་རྗེས།ཕྱི་ཚེས་བཅུ་གསུམ་རེས་གཟའ་པ་སངས་ཀྱི་ཉིན་འབུམ་སྡེ་ལར་ཞབས་སོར་འཁོད་གནང་ཡོད་པ་དང།ཉིན་རྒྱབ་དགེ་རྩ་རབ་རྒྱས་གླིང་དགོན་པའི་ནང་ཆིབས་བསྒྱུར་བསྐྱངས་གནང་སྟེ།ས་གནས་བོད་མི་ཆིག་སྟོང་ལྷག་ལ་བླང་དོར་གྱི་བཀའ་སློབ་བསྩལ་གནང་མཛད་ཡོད་པའི་སྐོར།འདི་གའི་ཆེད་གཏོང་གསར་འགོད་པ་དཀར་མཛེས་བསོད་ནམས་དབང་འདུས་ལགས་ཀྱིས།འབུམ་སྡེ་ལ་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org