དུས་ཚོད་ངེས་མེད་ཀྱི་ཟས་བཅད་གནང་རྒྱུ།

གཞོན་ནུ་ལྷན་ཚོགས་ནས་རྒྱ་གར་རྒྱལ་ས་ལྡི་ལིར་ཕྱི་ཟླ་༩ ཚེས་༣ ནས་དབུ་འཛུགས་ཀྱིས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་སྤེལ་རྒྱུ་ཡིན་པ་དང་། དེ་ནི་བོད་ནང་རང་ལུས་མེར་སྲེག་གནང་མཁན་ཚོར་གདུང་སེམས་མཉམ་བསྐྱེད་ཆེད་རེད་འདུག

༄༅།    །བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་དང།    དབུས་རྒྱུན་སྤེན་པ་ཚེ་རིང་ལགས་དང་།    འཇིགས་མེད་ལགས་བཅས་གསུམ་ནས་ཟླ་བ་རྗེས་མའི་ཚེས་༣    ནས་དབུ་འཛུགས་ཀྱིས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་གནང་རྒྱུ་རེད་འདུག    བོད་ནང་རང་ལུས་མེར་སྲེག་གི་ལས་འགུལ་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཆེད་གོ་སྒྲིག་གནང་རྒྱུའི་ལས་འགུལ་དེ།    མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྒྱལ་ཡོངས་ཚོགས་ཆེན་དེ་ཕྱི་ཟླ་༩    ཚེས་༡༨    ནས་བཟུང་ཨ་རིའི་གྲོང་འཁྱེར་ནིའུ་ཡོརྐ་ཏུ་གནང་གི་ཡོད་པའི་དུས་ཚོད་དང་སྟབས་བསྟུན་གནང་བ་ཞིག་ཡིན་པ་རེད།    ཞིབ་ཕྲ་ང་ཚོའི་གསར་འགོད་པ་བསོད་ནམས་དབང་འདུས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org