ས་ཡོམ་གོད་ཆག་འོག་མི་མང་ཁྲི་ལྷག་གྲོངས་ཡོད་པ།

བོད་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་འོག་འདས་གྲོངས་སུ་གྱུར་བའི་མིའི་གྲངས་འབོར་ཁྲི་ལྷག་ཡོད་པའི་གནས་ཚུལ་ངོ་སྤྲོད་གནང་བ།

བོད་ཁམས་སྐྱེ་རྒུ་མདོ་རུ་ས་ཡོམ་གྱི་གོད་ཆགས་འོག་ཁང་པ་མེད་ནས་ལུས་པའི་བོད་མིའི་འདྲ་པར། ཨེ་ཨེཕ་པི།

གསར་འགྱུར་ལ་གསན་རོགས།

༄༅༎ཉེ་ཆར་བོད་ཁམས་སྐྱེ་རྒུ་མདོ་ཁུལ་དུ་ས་ཡོམ་གྱི་གོད་ཆགས་ཚབས་ཆེ་བྱུང་བའི་རྗེས།རྒྱ་ནག་གཞུང་གིས་ངོས་ནས་ད་བར་ས་ཡོམ་གྱི་གོད་ཆགས་འོག་མི་ཉིས་སྟོང་ལྷག་འདས་གྲོངས་སུ་གྱུར་ཡོད་ལུགས་བཤད་ཡོད་ནའང༌།ས་གནས་ས་ཐོག་གི་བོད་མི་ཚོས་འདས་གྲོངས་སུ་གྱུར་བའི་མིའི་གྲངས་འབོར་ཁྲི་བརྒལ་བ་བཤད་ཡོད་པའི་སྐོར།བཞུགས་སྒར་དུ་གསར་བཙུགས་གནང་བའི་ཡུལ་ཤུལ་ས་འགུལ་གདུང་སེམས་ཚོགས་ཆུང་གི་མགྲིན་ཚབ་པ་ཉི་མ་ཚེ་རིང་ལགས་ཀྱིས།འདི་གའི་གསར་འགོད་པ་རྡོ་གཅོད་བསྟན་འཛིན་དབང་རྒྱལ་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org