ལས་འགུལ་གསར་པ་གང་སྤེལ་གྱི་བསམ་ཚུལ་བསྡུ་རུབ།
བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱ་གར་གྱི་དེ་ར་དུན་Dehra Dun ཁུལ་དུ་ཡོད་པའི་བདེ་སྐྱིད་གླིང་གཞིས་ཆགས་ཀྱི་ཚོགས་ཁང་དུ་བོད་མི་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་མ་འོངས་ལས་འགུལ་གསར་པ་སྤེལ་ཕྱོགས་ཀྱི་སྐོར་ལ་བསམ་ཚུལ་བསྡུ་རུབ་གནང་འདུག
-
2012-08-07 -
-
-
Your browser doesn’t support HTML5 audio
༄༅། །དབུས་བུད་མེད་ལྷན་ཚོགས་ཀྱི་བཀའ་རྒྱ་ལྟར། བདེ་སྐྱིད་གླིང་ས་གནས་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་བསམ་ཚུལ་བསྡུ་རུབ་ཀྱི་ལས་འགུལ་དེའི་སྐབས། མང་ཆེ་བས་ད་ལྟའི་དུས་སྐབས་དེར་བོད་མི་རྣམས་ཆིག་བསྒྲིལ་གྱིས་ནུས་པ་བཏོན་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང། བོད་ནང་གི་ལས་འགུལ་སྐོར་འཛམ་བུ་གླིང་མི་མང་ལ་གང་ཐུབ་ཀྱི་ཁྱབ་བསྒྲགས་ཡོང་བ་བྱ་རྒྱུ་དང། ཁོང་རྣམ་པའི་ལས་འགུལ་ལ་རྒྱབ་སྐྱོར་ཀྱི་ལས་འགུལ་སྤེལ་དགོས་པ་སོགས་ཀྱི་བསམ་ཚུལ་བཏོན་འདུག ཞིབ་ཕྲ་ཁུལ་དེར་ཡོད་པའི་ང་ཚོའི་གསར་འགོད་པ་བཟོད་པ་རྒྱ་མཚོས་བཏང་བའི་གནས་ཚུལ་ལ་གསན་རོགས།