༸པཎ་ཆེན་གློད་བཀྲོལ་ཆེད་རྔམ་སྟོན།
དེ་རིང་ཕྱི་ཚེས་༡༧ཉིན་དེཧ་ར་དཱུན་བོད་མི་རྣམས་ནས་བོད་པའི་ཁྲིམས་ས་ནས་དབུ་འཛུགས་ཀྱིས་རྒྱལ་སའི་ཁྲོམ་གཞུང་དུ་༸པཎ་ཆེན་རིན་པོ་ཆེའི་སྐུ་པར་དང་། བོད་དོན་རང་སྲེག་གནང་མཁན་གྱི་སྐུ་པར་དང་ཕྲད་དར་སོགས་བསྣམས་ནས་ལས་འགུལ་སྤེལ་འདུག
-
2013-05-17 -
-
-
༸པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་དུ་གྱུར་ནས་ལོ་༡༨འཁོར་བ་དང་བསྟུན། རྔམ་སྟོན་སྐད་འབོད་ཀྱི་ལས་འགུལ་སྤེལ་བ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བཟོད་པ་རྒྱ་མཚོ།
Your browser doesn’t support HTML5 audio
༄༅། །རྒྱ་གར་དེཧ་ར་དཱུན་ཁྱབ་ཁོངས་ས་གནས་ཁག་བཞིའི་བོད་མི་ཚོས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་ལོ་ངོ་༡༨འཁོར་བའི་དུས་དྲན་དང་བསྟུན་ཁྲོམ་གཞུང་དུ་རྔམ་སྟོན་ཁྲོམ་སྐོར་གནང་ཡོད་སྐོར་ང་ཚོའི་གསར་འགོད་པ་བཟོད་པ་རྒྱ་མཚོ་ལགས་ནས་སྙན་སྒྲོན་གནང་བར་གསན་རོགས།།