ས་རཱ་དབུ་བརྙེས་པའི་དུས་ཆེན་མཛད་སྒོ།
ཁ་སང་ཚེས་ ༡༣ ཉིན་བཞུགས་སྒར་དུ་རྟེན་གཞི་བྱེད་པའི་ས་རཱ་བོད་ཀྱི་མཐོ་སློབ་དབུ་བརྙེས་ནས་ལོ་ངོ་ ༡༤ འཁོར་བའི་དུས་ཆེན་མཛད་སྒོ་གནང་ཡོད་པ་དང།་སྐབས་དེར་སྐུ་མགྲོན་གཙོ་བོར་བཀའ་བློན་ཁྲི་པ་མཆོག་ཕེབས་ཡོད་པ་རེད།
-
2012-08-14 -
-
-
ས་རཱ་དབུ་བརྙེས་པའི་དུས་ཆེན་གྱི་མཛད་སྒོའི་ཐོག་བཀའ་ཁྲི་མཆོག་ནས་གསུང་བཤད་གནང་བཞིན་པ།
བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།
Your browser doesn’t support HTML5 audio
༄༅། །བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ནས་དུས་ཆེན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་གསུང་བཤད་གནང་སྐབས། ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་གཞན་ལས་ལྷག་པ་ཞིག་བྱུང་ཡོད་པ་འདི་མི་རབས་རྒན་པ་ཚོའི་བཀའ་དྲིན་ཡིན་སྐོར་གསུངས་ཡོད་པས་མ་ཚད། བཙན་བྱོལ་སྤྱི་ཚོགས་དང་སྒྲིག་འཛུགས་ཀྱི་རྨང་གཞི་ཉིན་རེ་བཞིན་སྲ་བརྟན་དུ་འགྲོ་བཞིན་ཡོད་པར་བརྟེན། བཙན་བྱོལ་སྤྱི་ཚོགས་འཐོར་ཞིག་ཏུ་མི་འགྲོ་བའི་བརྡ་ལན་ཞིག་རྒྱ་ནག་གཞུང་ལ་སྤྲད་ཡོད་ཅེས་གསུངས་ཡོད་པ་རེད། ཞིབ་ཕྲ་ང་ཚོའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་གྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།