སྲིད་སྐྱོང་གི་ཨ་རིའི་སྐོར་སྐྱོད།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕྱི་ལོ་༢༠༡༣ཟླ་༨ཚེས་༢༢ནས་བདུན་ཕྲག་གཅིག་ཙམ་གྱི་རིང་ཨ་རིའི་ནུབ་ཕྱོགས་སུ་ཡོད་པའི་བོད་རིགས་གནས་སྡོད་བྱ་སའི་གྲོང་ཁྱེར་ཁག་ཏུ་གཞུང་དོན་འཚམས་འདྲི་གཟིགས་སྐོར་གནང་ཡོད་པ་རེད།

སྲིད་སྐྱོང་མཆོག་ལ་ཕེབས་བསུའི་སྣེ་ལེན། ཐུབ་བསྟན་ཀུན་དགའ།

༄༅།    །དེ་རིང་གི་གཞིས་བྱེད་བོད་མི་ཞེས་པའི་ལེ་ཚན་ནང་།    དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕྱི་ལོ་༢༠༡༣ཟླ་༨ཚེས་༢༢ནས་ཚེས་༢༨བར་ཨ་རིའི་ནུབ་ཕྱོགས་སུ་ཡོད་པའི་བོད་རིགས་གནས་སྡོད་བྱ་སའི་གྲོང་ཁྱེར་ཁག་ཏུ་གཞུང་དོན་འཚམས་འདྲི་གཟིགས་སྐོར་ལ་ཕེབས་ཡོད་པའི་སྐོར་འབྲེལ་ཡོད་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སོགས་ལ་གནས་འདྲི་ཞུས་པའི་ལེ་ཚན་ཞིག་ཚེ་དབང་ནོར་བུ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org