གསང་བའི་ཐོག་ནས་ཁྲིམས་ཐག

རྒྱ་གཞུང་གིས་གསང་བའི་ཐོག་ནས་དཀར་མཛེས་ལམ་བྲག་དགོན་པའི་བཙུན་མ་འཆི་མེད་ལགས་སུ་ཁྲིམས་ཐག་བཅད་པ།

བོད་ཁམས་དཀར་མཛེས་ཀྱི་འདྲ་པར། བི་ཀི་པི་ཌི་ཡ།
གསར་འགྱུར་ལ་གསན་རོགས།

༄༅༎རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༡ ལོར་འཛིན་བཟུང་བྱས་པའི་བོད་ཁམས་དཀར་མཛེས་ལམ་བྲག་དགོན་པའི་བཙུན་མ་སྨན་པ་འཆི་མེད་ལགས་སུ། གསང་བའི་ཐོག་ནས་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་སྐོར།  རྒྱ་ནག་ཉེན་རྟོག་པས་ཆབ་སྲིད་ཀྱི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་པའི་སྐོར། ས་གནས་བོད་མི་ཞིག་གིས་འདི་གའི་གསར་འགོད་པ་དཀར་མཛེས་ནོར་བུ་དགྲ་འདུལ་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org