ཉེས་རྡུང་འོག་གྲོངས་ཡོད་པ།

རྒྱ་གཞུང་བཙོན་ཁང་ཆེ་ཤོས་ཤིག་གི་སྒོ་སྲུང་བ་བཙན་ཁྲིད་བྱེད་མཁན་གྱི་བོད་མི་དེ་ཉེས་རྡུང་འོག་གྲོངས་ཡོད་པ།

ཕྱི་ལོ་ཉིས་སྟོང་བརྒྱད་ཟླ་གསུམ་པའི་ཚེས་ཉི་ཤུ་རྩ་གཅིག་གི་ཉིན་ཁམས་དཀར་མཛེས་རྫོང་དུ་རྒྱ་ནག་ཉེན་རྟོག་པའི་འདྲ་པར། ཨེ་ཨེཕ་པི།

གསར་འགྱུར་ལ་གསན་རོགས།

༄༅༎ཟླ་བ་གསུམ་གྱི་སྔོན་ལ་བོད་ཁམས་དཀར་མཛེས་རྫོང་གི་རྒྱ་གཞུང་བཙོན་ཁང་ཆེ་ཤོས་ཤིག་གི་ནང་ཡོད་པའི་བོད་རིགས་བཙོན་པ་མིང་ལ་པ་སངས་ཞུ་བ་ཞིག་གིས།བཙོན་ཁང་གི་སྒོ་སྲུང་ཉེན་རྟོག་པ་ཞིག་བཙན་ཁྲིད་བྱས་པའི་རྐྱེན་གྱིས་ཁོང་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་མ་ཟད་ཉེས་རྡུང་ཚད་མེད་བཏང་ནས་འདས་གྲོངས་སུ་གྱུར་ཡོད་པའི་སྐོར།བོད་ནས་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གའི་གསར་འགོད་པ་དཀར་མཛེས་ནོར་བུ་དགྲ་འདུལ་ལགས་སུ་ཁུངས་ལྡན་གྱི་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས༎

 

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org