བོད་ཀྱི་རྒྱལ་ས་ལྷ་སར་གྲྭ་གཉིས་འཛིན་བཟུང༌བྱས་ཡོད་པ།

ཉེ་ཆར་བོད་ཀྱི་རྒྱལ་ས་ལྷ་ས་ལ་བོད་ཁམས་ཕྱོགས་ནས་ཡིན་པའི་གྲྭ་གཉིས་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ།

གསར་འགྱུར་ལ་གསན་རོགས།

༄༅༎ཁམས་འཇོ་མདའ་རྫོང་ཁོངས་ཀེ་རེ་སྒང་ནས་ཡིན་པའི་གྲྭ་རང་ལོ་ཉི་ཤུ་རྩ་གཉིས་ལ་སོན་པའི་ཨུ་རྒྱན་རྡོ་རྗེ་དང༌།ལོ་བཅུ་དྲུག་ལ་སོན་པའི་ ཀརྨ་དབང་གྲགས་གཉིས་ཕྱི་ཟླ་བཅུ་པའི་ཚེས་གཉིས་ཀྱི་ཉིན།ལྷ་ས་ནས་འཛིན་བཟུང་བྱས་ནས་ཚལ་གུང་ཐང་མི་འཁྱམ་ལས་ཁུངས་ནང་བཀག་ཉར་བྱས་ཤིང༌།དེ་ནས་ཀརྨ་དབང་གྲགས་ཕ་ཡུལ་ལ་ཕྱིར་ཕུད་བྱས་པ་དང་།ཨུ་རྒྱན་རྡོ་རྗེའི་ཁ་པར་ནང་༸གོང་ས་མཆོག་གི་སྐུ་པར་ཡོད་སྟབས་རྒུ་རྩ་བཙོན་ཁང་ནང་བཅུག་ཡོད་པའི་སྐོར།བློ་བཟང་ཤེས་རབ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པ་ཞིག་ལ་གསན་རོགས་གནོངས༎

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org