གསང་བའི་ཐོག་སྐུ་ཕུང་ཞུགས་འབུལ།

བལ་ཡུལ་ནང་བོད་དོན་ཆེད་རང་སྲེག་གནང་མཁན་གྲུབ་ཆེན་ཚེ་རིང་ལགས་ཀྱི་སྐུ་ཕུང་བལ་ཡུལ་གཞུང་གིས་བོད་མིས་རྩིས་སྤྲོད་མ་བྱས་པར་་གསང་བའི་ཐོག་ཞུགས་འབུལ་བྱས་འདུག

༄༅།    །བལ་ཡུལ་ནང་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་སྟེ།    འདས་གྲོངས་སུ་ཕེབས་པའི་གྲྭ་གྲུབ་ཆེན་ཚེ་རིང་ལགས་དམ་པ་དེའི་སྐུ་ཕུང་བལ་པོའི་འབྲེལ་ཡོད་མི་སྣས་ས་གནས་བོད་མིར་རྩིས་སྤྲོད་མ་བྱས་པར།    ཉེ་ཆར་ཕྱི་ཚེས་༢༥མཚན་མོར་གསང་བའི་ཐོག་ནས་ Pashupati Aryaghat དུར་ཁྲོད་དུ་ཞུགས་འབུལ་བྱས་འདུག    ཞིབ་ཕྲའི་གནས་ཚུལ་ང་ཚོའི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org