སྐུ་ཕུང་འཕྲོག་རྩིས་བྱས་པ།
མི་མང་དང་ཉེན་རྟོག་པའི་བར་འཁྲུག་རྩོད་ཤོར་རྗེས་རྡོ་རྗེ་རིན་ཆེན་ལགས་སྐུ་ཕུང་འདས་པོའི་ཁྱིམ་དུ་གདན་འདྲེན་ཞུས།
-
2012-10-24 -
-
-
མི་མང་དང་ཉེན་རྟོག་པའི་བར་འཁྲུག་རྩོད་ཤོར་རྗེས་རྡོ་རྗེ་རིན་ཆེན་ལགས་སྐུ་ཕུང་འདས་པོའི་ཁྱིམ་དུ་གདན་འདྲེན་ཞུས།
བསོད་ནམས།
Your browser doesn’t support HTML5 audio
༄༅༎ཕྱི་ཟླ་༡༠ཚེས་༢༣ཉིན་མདོ་སྨད་བླ་བྲང་བསང་ཆུ་རྫོང་དྲག་ཆས་ཉེན་རྟོག་ཁང་གི་སྒོ་འགྲམ་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་རྡོ་རྗེ་རིན་ཆེན་ཞུ་བས་རང་ལུས་མེར་སྲེག་བཏང་ནས་ས་གནས་དེར་འདས་གྲོངས་སུ་གྱུར་ཡོད་པ་དང༌།རྒྱ་མིའི་ཉེན་རྟོག་པས་ཁོང་གི་སྐུ་ཕུང་འཕྲོག་རྩིས་བྱས་སྐབས་ས་གནས་བོད་མིས་འཁྱེར་དུ་མ་བཅུག་པར་བོད་མི་དང་ཉེན་རྟོག་པའི་དབར་འཁྲུག་རྩོད་ཤོར་བ་དང་མཐར་འདས་པོའི་སྐུ་ཕུང་རང་ཁྱིམ་དུ་གདན་འདྲེན་ཞུ་པ་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་འབྲས་སྤུངས་སྒོ་མང་གྲ་ཚང་གི་དགེ་འདུན་པ་བསོད་ནམས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་པདྨ་དངོས་གྲུབ་ལགས་སུ་ངོ་སྤྲོད་གནང་བར་གསན་རོགས༎