བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དབུ་བཙུཌ།

རྒྱ་གར་གྱི་ས་གནས་གསུམ་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དབུ་འཛུགས་གནང་ཡོད་པའི་གནས་ཚུལ།

རྒྱ་གར་གྱི་ས་གནས་གསུམ་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དབུ་འཛུགས་གནང་ཡོད་པའི་གནས་ཚུལ། བོད་མི་མང་སྤྱི་འཐུས་ཀྱི་དྲ་གནས།

༄༅།།ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༦ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་ལ་དྭགས་ཞི་བའི་ཚལ་གྱི་ཕོ་བྲང་མདུན་སར་འཇམ་མགོན་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་དབུ་བཞུགས་ཐོག བོད་མི་དང་ལ་དྭགས་ཡུལ་མི་སེར་སྐྱ་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱི་མཛད་སྒོའི་དབུས་སུ་སྐུ་མགྲོན་གཙོ་བོ་ལ་དྭགས་རང་སྐྱོང་གི་སྤྱི་ཁྱབ་རིག་འཛིན་དཔལ་འབར་མཆོག་ནས་བདེན་པའི་མེ་ལྕེ་དབུ་འབྱེད་ཀྱིས་སྐོར་བསྐྱོད་ལས་འགུལ་དབུ་འཛུགས་གནང་ཡོད་པ་དང༌། དེ་བཞིན་རྒྱ་གར་བྱང་ཤར་གྲོང་ཁྱེར་ཤིས་ལོང་དང་། རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་ཀོ་ཅི་བཅས་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལ་སའགུལ་དབུ་འཛུགས་གནང་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལྡི་ལིའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org