༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་འཁོད་འདུག

༧གོང་ས་མཆོག་གི་ལ་དྭགས་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། ད་རང་སྔ་དྲོ་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་འདུག ༧གོང་ས་མཆོག་བཞུགས་སྒར་ཕོ་བྲང་དུ་ཆིབས་སྒྱུར་བསྐྱངས་སྐབས་དད་ལྡན་མང་ཚོགས་སོགས་ཀྱིས་ ཕེབས་བསུ་གཟབ་རྒྱས་ཞུས་འདུག

༄༅།    །ཕྱི་ཚེས་ ༧ ཉིན་༸གོང་ས་མཆོག་གིས་ལ་དྭགས་སླེ་ཁུལ་གྱི་ཆོས་འབྲེལ་ཉིན་མཐའ་མ་དང་སྟབས་བསྟུན་དད་ལྡན་ཆོས་ཞུ་བ་རྣམས་ལ་འཕགས་མ་སྒྲོལ་དཀར་གྱི་ཚེ་དབང་དང་བཀའ་སློབ་བསྩལ། དེ་བཞིན་ལ་དྭགས་ནང་པའི་རིག་གཞུང་ལྷན་ཚོགས་དང་ལ་དྭགས་དགོན་ཚོགས། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་བཅས་ནས་༸གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུས་ཡོད། ཞིབ་ཕྲ་ང་ཚོའི་སྒྲ་ལྡན་གསར་འགྱུར་ལ་གསན་རོགས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org