མཆོད་རྟེན་དུ་པར་ཆས་བཙུཌ་འདུག

བལ་ཡུལ་གྱི་མཆོད་རྟེན་ཁུལ་དུ་བོད་མིའི་ཐོག་ལྟ་རྟོགས་བྱེད་རྒྱུའི་ཆེད་བྱ་རྭའི་དཔར་ཆས་བཙུགས་ཡོད་པ།

བལ་ཡུལ་གྱི་མཆོད་རྟེན་ཁུལ་དུ་བོད་མིའི་ཐོག་ལྟ་རྟོགས་བྱེད་རྒྱུའི་ཆེད་བྱ་རྭའི་དཔར་ཆས་བཙུགས་ཡོད་པ། ཐུབ་བསྟན་སངས་རྒྱས།

༄༅༎བལ་ཡུལ་གྱི་གནས་མཆོག་མཆོད་རྟེན་བྱ་རུང་ཁ་ཤོར་ཁུལ་དུ་བལ་ཡུལ་གཞུང་ནས་བྱ་རྭའི་པར་ཆས་སམ་གསང་ཞིབ་མྱུལ་ལྟའི་པར་ཆས་མང་པོ་ཞིག་གསར་དུ་བཙུགས་ཡོད་པ་དང༌།བལ་ཡུལ་གཞུང་ནས་ས་གནས་བདེ་འཇགས་ཆེད་བཙུགས་པ་ཡོན་སྐོར་བཤད་ཀྱང་། ས་ཁུལ་དུ་གནས་སྡོད་བོད་མི་རྣམས་ནས་བྱ་རྭའི་པར་ཆས་དེ་ཚོ་བོད་མིའི་ཐོག་སྟངས་འཛིན་བྱ་སླ་བའི་ཆེད་དུ་བཙུགས་པ་ཡིན་སྐོར་དོགས་པ་བྱེད་བཞིན་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org