སླར་ཡང་བོད་མི་གཉིས་ནས་རང་ལུས་མེར་སྲེག
ཁ་སང་ཚེས་༡༣ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༦།༥༠ ཙམ་ལ་མི་སྐྱ་བཀྲ་ཤིས་དང་། གྲྭ་ལུང་རྟོགས་གཉིས་ཀྱིས་རྔ་པ་ཀིརྟི་དགོན་པའི་མཐའ་འཁོར་གྱི་དཔའ་བོའི་སྲང་ལམ་ནས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་འདུག
-
2012-08-14 -
-
-
Your browser doesn’t support HTML5 audio
༄༅། །གྲྭ་ལུང་རྟོགས་ཀྱིས་དཔའ་བོའི་སྲང་ལམ་ནས་སྐད་འབོད་བྱེད་བཞིན་གཞུང་ལམ་དབུས་མའི་བཞི་མདོར་སླེབས་མཚམས་ཉེན་རྟོག་པ་ཁག་ཅིག་གིས་རུབ་ནས་མེ་བསད་དེ་བཙན་ཁྲིད་བྱས་འདུག་ལ། བཀྲ་ཤིས་ཀྱིས་དཔའ་བོའི་སྲང་ལམ་ནས་སྐད་འབོད་བྱེད་བཞིན་ཡོང་སྐབས་གཞུང་ལམ་དུ་མ་སླེབས་ཙམ་ལ་ཉེན་རྟོག་པ་མང་པོས་རུབ་བརྡུང་བྱས་ནས་མེ་བསད་དེ་རླངས་འཁོར་ནང་བཙན་ཁྲིད་བྱས་ཡོད་ཀྱང་། སྐབས་དེར་ཁོང་གཉིས་ཀ་གྲོངས་ཡོད་མེད་གསལ་པོ་ཤེས་རྟོགས་བྱུང་མེད་པ་རེད། ཞིབ་ཕྲ་ང་ཚོའི་བཞུགས་སྒར་གྱི་གསར་འགོད་པ་དོན་གྲུབ་རྡོ་རྗེས་བཏང་བའི་གནས་ཚུལ་ལ་གསན་རོགས།