རྫ་ཆུ་ཁར་རྒྱལ་དར་བསྒྲེངས།
རྒྱ་ནག་གི་རྒྱལ་དར་པར་ཕབ་སྟེ་བོད་ཀྱི་རྒྱལ་དར་འཕྱར་ནས་བོད་རང་དབང་གི་ཡིག་ཆ་བཀྲམས་འདུག
-
2012-09-09 -
-
-
རྒྱ་ནག་གི་རྒྱལ་དར་པར་ཕབ་སྟེ་བོད་ཀྱི་རྒྱལ་དར་འཕྱར་ནས་བོད་རང་དབང་ཞེས་འཁོད་པའི་ཡིག་ཆ་བཀྲམས་འདུག
གྲྭ་འཇམ་དཔལ་ཡོད་ཏན།
Your browser doesn’t support HTML5 audio
༄༅༎ཕྱི་ཟླ་༩་ཚེས་༧རེས་གཟའ་པ་སངས་ཉིན་སི་ཁྲིན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྫ་ཆུ་ཁ་བ་དབོན་པོ་ཤང་སློབ་གྲྭའི་མདུན་ཐང་དུ་རྒྱ་ནག་གི་རྒྱལ་དར་ཡོད་པ་མར་ཕབ་སྟེ། དེའི་ཚབ་ཏུ་ལག་པས་བྲིས་པའི་བོད་ཀྱི་རྒྱལ་དར་བསྒྲེངས་པ་དང་། བོད་རང་དབང་ཞེས་འཁོད་པའི་ཡིག་ཆ་བཀྲམས་ཡོད་པ་དང༌།རྒྱ་ནག་གི་ཉེན་རྟོག་པས་རྒྱ་ནག་གི་རྒྱལ་དར་བསྐྱར་དུ་བསྒྲེངས་ནས་ཡིག་ཆ་རྣམས་ཡར་བསྡུས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབར་རླུང་འཕྲིན་ཁང་གི་གསར་འགོད་པ་པདྨ་དངོས་གྲུབ་ལགས་སུ་སེར་བྱེས་བྱ་བྲལ་ཁང་ཚན་གྱི་སྐུ་ཞབས་འཇམ་དཔལ་ཡོན་ཏན་ལགས་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས༎