ཕ་རན་སི་བོད་དོན་རྒྱབ་སྐྱོར་ཚོཌ།

ཕ་རན་སིའི་རྒྱལ་ས་པེ་རེ་སིར་བོད་དོན་རྒྱབ་སྐྱོར་ཚོགས་པ་མཉམ་འབྲེལ་གྱི་བགྲོ་གླེང་ཚོགས་པ།

ཕ་རན་སིར་རྒྱ་བོད་མི་རིགས་དབར་རིག་གཞུང་དང་ཆབ་སྲིད་ཀྱི་བགྲོ་གླེང་འཚོགས་པ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན།
༄༅།།ཕྱི་ཟླ་༡༠ཚེས་༣༠རེས་གཟའ་མིག་དམར་གྱི་ཉིན་ཕ་རན་སི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༢༥ ཙམ་དང་ཁུལ་དེར་གནས་སྡོད་བོད་མི་རྣམས་ལྷན་འཛོམས་ཀྱི་བོད་ནང་གི་ད་ལྟ་ཛ་དྲག་གི་གནས་སྟངས་སྐོར་བགྲོ་གླེང་ཚོགས་ཡོད།
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༧ ཉིན་ཕ་རན་སིའི་རྒྱལ་ས་པེ་རེ་སིར་ཚོགས་པའི་བགྲོ་གླེང་ལྷན་ཚོགས་ཐོག་ཕན་རན་སི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་དང་བོད་མི་ཚོས་བོད་ནང་གི་བོད་མིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་༸ཞབས་སོར་འཁོད་འཇུག་དགོས། བོད་ལ་རང་དབང་དགོས་ཞེས་སོགས་ཀྱི་འབོད་ཚིག་སྒྲོགས་ཏེ་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་དང་གཏོང་མུས་ཡིན་པར་བརྟེན། གནད་དོན་དེའི་ཐོག་ཕན་རན་སི་དང་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཇི་བྱུང་དང་ལས་འགུལ་གྱི་ནུས་ཤུགས་ཇི་ཆེར་གཏོང་ཐབས་སྐོར་ལ་ཚོགས་བཅར་བ་རྣམ་པས་སོ་སོའི་བསམ་ཚུལ་བཏོན་ཡོད་པ་མ་ཟད། བོད་དོན་ལས་འགུལ་ཕྱོགས་གཅིག་ཏུ་བསྒྲིལ་ཐབས་སུ་རྒྱལ་ཡོངས་མཉམ་འབྲེལ་གྱི་ཚོགས་ཆུང་ཞིག་ངེས་པར་དུ་གསར་འཛུགས་དགོས་པའི་བསམ་ཚུལ་ཡང་བཏོན་འདུག དེ་བཞིན་རིང་མིན་ཕྱི་ཟླ་ ༡༡ ནང་རྒྱ་གར་ནང་འཚོགས་གཏན་འཁེལ་བའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་གྲོས་གཞིའི་ནང་བོད་དོན་རྒྱབ་སྐྱོར་མཚོན་པའི་དོན་ཚན་ལྔ་ཅན་གྱི་བསམ་ཚུལ་འདོན་རྒྱུའི་མོས་མཐུན་གནང་ཡོད་པ་བཅས། །

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org