དབུ་མའི་ལམ་ལ་མུ་མཐུད་རྒྱབ་སྐྱོར་ཞུ་རྒྱུ།

བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༡༡པའི་སྐབས་དབུ་མའི་ལམ་ལ་མུ་མཐུད་རྒྱབ་སྐྱོར་ཞུ་རྒྱུའི་གྲོས་ཆོད་བཞག་པ།

བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༡༡པའི་སྐབས་དབུ་མའི་ལམ་ལ་མུ་མཐུད་རྒྱབ་སྐྱོར་ཞུ་རྒྱུའི་གྲོས་ཆོད་བཞག་པ། བོད་ཀྱི་བུད་མེད་ལྷན་ཚོགས།

༄༅༎བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༡༡པའི་ཐོག་གྲོས་ཆོད་དོན་ཚན་ཁག་༡༡གཏན་འབེབས་གནང་ཡོད་པའི་ནང་གཙོ་བོ་༸གོང་ས་མཆོག་གི་སྐུ་ཕྱཱའི་ཞབས་རིམ་བསྒྲུབ་རྒྱུ་དང་།སྐུ་ཚེ་ཞབས་པད་བརྟན་པའི་ཆེད་བརྟན་ཞུགས་བསྟར་འབུལ་ཞུ་རྒྱུ།བོད་ནང་བོད་དོན་ཆེད་སྐུ་ལུས་མེར་སྲེག་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་དེ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཁྱབ་སྤེལ་ཡོང་བའི་ལས་འགུལ་སྤེལ་རྒྱུ།བོད་ཀྱི་བུད་མེད་ལྷན་ཚོགས་ནས་དབུ་མའི་ལམ་གྱི་ལངས་ཕྱོགས་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་སོགས་ཀྱི་འབྲེལ་ཡོད་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ནས་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་ལགས་སུ་གནས་འདྲི་ཞུས་པར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org