ངོ་རྒོལ་བ་འཛིན་བཟུང་བྱས་འདུག
ལྡི་ལིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོ་རྒོལ་བ་རྒྱ་གར་སྐོར་སྲུང་བས་འཛིན་བཟུང་བྱས་འདུག
-
2012-09-05 -
-
-
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོ་རྒོལ་བ་རྒྱ་གར་སྐོར་སྲུང་བས་འཛིན་བཟུང་བྱས་འདུག
དཀར་མཛེས་བ་བསོད་ནམས་དབང་འདུས།
Your browser doesn’t support HTML5 audio
༄༅༎ཕྱི་ཟླ་༩ཚེས་༥རེས་གཟའ་ལྷག་པའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཇན་ཏར་མན་ཏར་རུ་ཟས་བཅད་ངོ་རྒོལ་གནང་མཁན་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་རྒྱུན་ལས་གསུམ་པོས། རྒྱ་གར་གྱི་ཏི་ཧཱར་བཙོན་ཁང་ནང་མུ་མཐུད་ནས་ཟས་བཅད་ངོ་རྒོལ་སྤེལ་བཞིན་ཡོད་པ་དང༌།དེ་མིན་རྒྱ་ནག་གི་བདེ་སྲུང་བློན་ཆེན་དང་བོད་རང་སྐྱོང་ལྗོངས་དམག་ཁུལ་ཁང་གི་དམག་སྤྱི་་གཉིས་ཀྱིས་རྒྱ་གར་གྱི་འབྲེལ་ཡོད་དཔོན་རིགས་ཁག་ཅིག་དང་ཐུག་འཕྲད་དང་དམག་སྦྱོང་བྱེད་བཞིན་པའི་སྐབས་དང་བསྟུན་ནས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་མི་༥༠ཙམ་གྱིས་ངོ་རྒོལ་སྐད་འབོད་བྱེད་སྐབས་ས་གནས་ཉེན་རྟོག་པས་འཛིན་བཟུང་བཙོན་འཇུག་བྱས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགསནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎