བོད་ནང་གི་གནས་སྟངས་སྐོར་ཨ་རིའི་ལོ་འཁོར་སྙན་ཐོ་ནང་བཀོད་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གི་མཚན་ཐོག་ནས་འཛམ་གླིང་ཡུལ་གྲུ་འདྲ་མིན་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་དེའི་ནང་བོད་ནང་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ་གསར་པོར་བཀོད་ཡོད་པ།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ ཇོན་ཀེ་རི་ མཆོག་ནས་གསར་འགོད་པར་བཀའ་མོལ་གནང་བཞིན་པ། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲ་གནས།

༄༅༎ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ ཇོན་ཀེ་རི་ མཆོག་གི་མཚན་ཐོག་ནས་འཛམ་གླིང་ཡུལ་གྲུ་འདྲ་མིན་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་དང་འབྲེལ་བའི་ལོ་འཁོར་གྱི་སྙན་ཐོ་དེ་རེས་གཟའ་སྤེན་པའི་ཉིན་འགྲེམ་སྤེལ་གནང་ཡོད་ཅིང་། སྙན་ཐོ་དེའི་ནང་འདས་པའི་ཕྱི་ལོ་ ༢༠༡༢ ཀྱི་ལོའི་དུས་ཡུན་ནང་བོད་ནང་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་ཆེས་ཇེ་སྡུག་ཏུ་ཕྱིན་ཡོད་པ་གསལ་པོར་བཀོད་ཡོད་པའི་སྐོར། སྐལ་ལྡན་བློ་གྲོས་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org