སློབ་ཕྲུག་བརྒྱད་ལ་བཙོན་ཁྲིམས།
མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་ཕྲུག་གིས་ངོ་རྒོལ་ཁྲོམ་སྐོར་བྱས་པར་བརྟེན་སློབ་ཕྲུག་བརྒྱད་ལ་བཙོན་ཁྲིམས་བཅད་པ།
-
2013-04-17 -
-
-
Your browser doesn’t support HTML5 audio
༄༅༎ཐེངས་འདིའི་གསར་འགྱུར་དང་འབྲེལ་བའི་ལེ་ཚན་གྱི་ནང་དུ།
ལོ་སྔོན་མའི་ཕྱི་ཟླ་༡༡པའི་ཚེས་༢༦ཉིན་བོད་མདོ་སྨད་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་ཕྲུག་སྟོང་ཕྲག་བརྒལ་བས་འཕྲེད་དར་འཕྱར་ཏེ་སྐད་འབོད་ཁྲོམ་སྐོར་གནང་སྟེ་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་བྱས་བའི་རྗེས།རྒྱ་གཞུང་ཉེན་རྟོགས་པས་སྔ་ཕྱིར་སློབ་ཕྲག་མང་པོ་བཙན་ཁྲིད་ཀྱིས་བཅར་རྡུང་འདྲི་རྩད་བྱས་ཏེ་ཕྱི་ཟླ་༤པའི་ཚེས་༡༠ཉིན་སློབ་ཕྲུག་བརྒྱད་ལ་ལོ་གཉིས་ནས་༤བར་གྱི་དུས་བཀག་བཙོན་འཇུག་་ཀྱི་ཁྲིམས་ཐག་བཅད་ཡོད་པའི་སྐོར་འཆི་མེད་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎