རྒྱ་གར་དང་པ་ཀིསྟན་ཞི་མོལ།
༢༠༠༨ལོར་རྒྱ་གར་ནང་གཏོར་རྒོལ་བའི་རྒྱབ་ལ་པ་ཀིསྟན་གྱི་གསང་བའི་ལས་ཁང་ཡོད་པ་ཐེར་བཏོན།
-
2012-07-04 -
-
-
Your browser doesn’t support HTML5 audio
༄༅༎༢༠༠༨ལོར་རྒྱ་གར་གྱི་དཔལ་འབྱོར་བསྟི་གནས་གྲོང་ཁྱེར་Mumbai ནང་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་བཏང་བའི་རྒྱབ་ལ་Pakistan གི་གསང་བའི་ལས་ཁང་ཡོད་པ་ཐེར་འདོན་བྱེད་མཁན་གྱི་བྱེད་གཏེ་འཛིན་བཟུང་བྱས་ནས་བདུན་གཅིག་ལས་ཕྱིན་མེད་པའི་མཚམས་དེར། དེ་རིང་རྒྱལ་ས་ལྡི་ལིའི་ནང་རྒྱ་གར་དང་པ་ཀིསྟན་གྱི་མཐོ་རིམ་ཕྱི་འབྲེལ་དཔོན་རིགས་དབར་ཞི་བའི་གྲོས་མོལ་དབུ་འཛུགས་གནང་འདུག
རྒྱ་གར་གྱི་ཕྱི་འབྲེལ་དྲུང་ཆེ་Ranjan Mathaiདང་པ་ཀིསྟན་གྱི་ཕྱི་འབྲེལ་དྲུང་ཆེ་
Jalil Abbas Jilani རྣམ་གཉིས་དབར་ཞི་བའི་གྲོས་མོལ་དེ་དབུ་འཛུགས་གནང་ཡོད་ཅིང༌། ཕྱོགས་གཉིས་དབར་འཇིགས་སྐུལ་དྲག་སྤྱོད་པས་ཡུལ་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་ཡི་ཡོད་པ་དང༌། ཀཤི་མིར་མངའ་ཁུལ་གྱི་བདག་དབང་ཐོག་ལོ་ངོ་བཅུ་ཕྲག་མང་པོའི་རིང་ཡོད་བཞིན་པའི་རྩོད་གཞི་སོགས་རྒྱལ་ཁབ་གཉིས་དབར་ཞི་བདེ་སྲ་བརྟན་ཡོང་ཐབས་སྐོར་གྲོས་མོལ་གཙོ་བོ་གནང་རྒྱུ་ཡིན་ལུགས་མིང་འདོན་གནང་འདོད་མེད་པའི་རྒྱ་གར་གྱི་དཔོན་རིགས་ཅིག་གིས་གསུངས་བཞག།