བལ་ཡུལ་སྲིད་བློན་ལ་ཞུ་ཡིག

བལ་ཡུལ་ནང་རང་ལུས་མེར་སྲེག་གཏོང་མཁན་གྲུབ་ཆེན་ཚེ་རིང་ལགས་ཀྱི་སྐུ་ཕུང་བོད་མིར་རྩིས་སྤྲོད་དགོས་པའི་ཞུ་ཡིག

བལ་ཡུལ་ནང་རང་ལུས་མེར་སྲེག་གཏོང་མཁན་གྲུབ་ཆེན་ཚེ་རིང་ལགས་ཀྱི་སྐུ་ཕུང་བོད་མིར་རྩིས་སྤྲོད་དགོས་པའི་ཞུ་ཡིག ཐུབ་བསྟན་སངས་རྒྱས་དང་བོད་ནས་བཏང་འབྱོར།

༄༅༎ཐེངས་འདིའི་གསར་འགྱུར་དང་འབྲེལ་བའི་ལེ་ཚན་གྱི་ནང་དུ་ཕྱི་ཟླ་༢ཚེས་༡༣རེས་གཟའ་ལྷག་པའི་ཉིན་བལ་ཡུལ་གྱི་རྒྱལ་ས་ཀཋ་མན་ཌུའི་མཆོད་བརྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་སྐོར་ལམ་དུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གི་བོད་ནང་དབང་བསྒྱུར་ལ་ངོ་རྒོལ་གནང་མཁན་གྲུབ་ཆེན་ཚེ་རིང་ལགས་ཀྱི་སྐུ་ཕུང་ད་ལྟའང་བལ་པོའི་ཉེན་རྟོག་པས་ཉར་ནས་ས་གནས་བོད་མིར་རྩིད་སྤྲོད་བྱས་མེད་སྟབས། སྐུ་ཕུང་བོད་མིར་རྩིས་སྤྲོད་དགོས་པའི་རེ་འབོད་ཀྱི་ཞུ་ཡིག་ཅིག་བལ་ཡུལ་གྱི་སྲིད་བློན་མཆོག་ལ་ཕུལ་བའི་སྐོར་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་ཏེ་ཕྱོགས་སྒྲིག་ཞུས་པའི་གནས་ཚུལ་ལ་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org