༸གོང་ས་མཆོག་ཨོསི་ཊེ་ལི་ཡར་ཞབས་སོར་འཁོད།
ཟླ་འདིའི་ཕྱི་ཚེས་དགུ་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོསི་ཊེ་ལི་ཡའི་གྲོང་ཁྱེར་མེལ་བོན་དུ་ཞབས་སོར་འཁོད་གནང་ཡོད་པ།
-
2011-06-09 -
-
-
༸གོང་ས་མཆོག་ཨོ་སི་ཊེ་ལི་ཡའི་གྲོང་ཁྱེར་མེལ་བོན་དུ་ཞབས་སོར་འཁོད་གནང་སྐབས་མི་མང་གིས་ཕེབས་བསུ་ཞུ་བཞིན་པ།
༸གོང་ས་མཆོག་གི་དྲ་གནས།
Your browser doesn’t support HTML5 audio
གསར་འགྱུར་ལ་གསན་རོགས། |
༄༅༎ཕྱི་ལོ་ཉིས་སྟོང་བཅུ་གཅིག་ཟླ་དྲུག་པའི་ཚེས་དགུའི་ཉིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉིའུ་ཛི་ལེནྡ་ནས་ཆིབས་ཞལ་བསྒྱུར་ཏེ། ཨོ་སི་ཊེ་ལི་ཡའི་གྲོང་ཁྱེར་མེལ་བོན་དུ་ཞབས་སོར་འཁོད་གནང་སྐབས། གྲོང་ཁྱེར་མེལ་བོན་དུ་རྟེན་གཞི་བྱེད་པའི་རྒྱ་གར་གཞུང་ཚབ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྐུ་ཚབ་དོན་གཅོད་ཁང་གི་སྐུ་ངོ་དྭགས་པོ་བསོད་ནམས་མཆོག དེ་བཞིན་ས་གནས་མི་མང་དང་སློ་ཕྲུག་བཅས་ཀྱིས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པའི་སྐོར། འདི་གའི་གསར་འགོད་པ་དཀར་མཛེས་ནོར་བུ་དགྲ་འདུལ་ལགས་ཀྱིས་ས་གནས་ཐོག་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་ཞུ༎