བཞུཌ་སྒར་དུ་༸ཞབས་སོར་འཁོད།
ཡོ་རོབ་ཁུལ་གྱི་མཛད་འཆར་ལེགས་གྲུབ་རྗེས་བཞུགས་སྒར་དུ་༸གོང་ས་མཆོག་ལ་ཕེབས་བསུ་ཟབ་རྒྱས་ཞུས་པ།
-
2011-08-25 -
-
-
ཡོ་རོབ་ཁུལ་གྱི་མཛད་འཆར་ལེགས་གྲུབ་རྗེས་བཞུགས་སྒར་དུ་༸གོང་ས་མཆོག་ལ་ཕེབས་བསུ་ཟབ་རྒྱས་ཞུས་པའི་གནས་ཚུལ།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།
༄༅༎ཕྱི་ཟླ་༨ཚེས་༢༥རེས་གཟའ་ཕུར་བུའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་རྒྱལ་ཁབ་སུད་སི་དང་ཕ་རན་སི། ཨི་སི་ཊོ་ནི་ཡ། ཕིན་ལན་ཌི། འཇར་མེ་ནི་བཅས་ཀྱི་ནང་མཛད་འཕྲིན་རྒྱ་ཆེ་བསྐྱངས་ཏེ་ཕྱི་ཚེས་ ༢༥ ཉིན་བཞུགས་སྒར་དུ་༸ཞབས་སོར་འཁོད་སྐབས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་དེ་བཞིན་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་དང༌།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཕྱི་ཟླ་ ༨ ཚེས་ ༣༠ ནས་དབུ་འཛུགས་ཀྱིས་ཕྱི་ཟླ་ ༩ ཚེས་༡ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཁྲིད་སྩལ་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་འདུག།