ཧ་ནོ་ཝར་དུ་ཞབས་སོར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་གནང་མཛད་རྗེས་ཕྱི་ཚེས་༡༨ཉིན་འཇར་མེ་ནིའི་བྱང་ཕྱོགས་གྲོང་ཁྱེར་ཧ་ནོ་ཝར་དུ་ཞབས་སོར་འཁོད་གནང་མཛད་པ་དང་གསར་འགོད་པ་དང་མང་ཚོགས་ལ་བཀའ་སློབ་སྩལ་བ།

༸གོང་ས་མཆོག་འཇར་མེ་ནིའི་བྱང་ཕྱོགས་གྲོང་ཁྱེར་ཧ་ནོ་ཝར་དུ་ཞབས་སོར་འཁོད་གནང་མཛད་པ། ༸གོང་ས་མཆོག་གི་དྲ་གནས།

༄༅༎ཕྱི་ཟླ་༩ཚེས་༡༨རེས་གཟའ་ལྷག་པའི་ཉིན་འཇར་མེ་ནིའི་བྱང་ཕྱོགས་གྲོང་ཁྱེར་ཧ་ནོ་ཝར་དུ་དགའ་ལྡན་བྱང་རྩེའི་དགེ་བཤེས་ལྷ་རམས་པ་དགེ་འདུན་ཡོན་ཏན་ལགས་ཀྱིས་བཙུགས་པའི་མ་འོངས་གཞོན་སྐྱེས་ཆེད་རོགས་ཚོགས་ནས་གདན་ཞུ་ཕུལ་བ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞབས་སོར་འཁོད་ནས་གསར་འགོད་པ་དང་མང་ཚོགས་ལ་དམིགས་བསལ་བཀའ་སློབ་སྩལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཚེ་དབང་ནོར་བུ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org