༸གོང་ས་མཆོག་ལཊ་ཝི་ཡའི་རྒྱལ་སར་ཞབས་སོར་འཁོད་པ།

ལཊ་ཝི་ཡའི་མི་མང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བསུའི་སྣེ་ལེན་ཟབ་རྒྱས་ཞུ་ས་པ།

ལཊ་ཝི་ཡའི་མི་མང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བསུའི་སྣེ་ལེན་ཟབ་རྒྱས་ཞུ་ས་པ། ༸གོང་ས་མཆོག་གི་དྲ་གནས།

༄༅༎ཕྱི་ཟླ་༩ཚེས་༨རེས་གཟའ་ཉི་མའི་ཉིན་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་Lativaཡི་རྒྱལ་ས་Rigaའི་ནང་༸ཞབས་བསོར་བདེ་བར་འཁོད་གནང་མཛད་སྐབས་ས་གནས་ནང་པའི་སྤྱི་ཚོཌ་དང་མི་མང་རྣམས་ཀྱིས་གུས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་འདུག  The Baltic Times ཞེས་ས་གནས་ཉིན་རེའི་གསར་ཤོག་གིས་གནས་ཚུལ་སྤེལ་དོན་ལྟར་ན་ནོ་བེལ་ཞི་བདེའི་གཟེངས་རྟགས་མཁན་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ཟླའི་ཚེས་༨་སྟེ་རེས་གཟའ་ཉི་མའི་ཉིན་Lativaའི་རྒྱལ་ས་Rigaའི་ནང་ཞབས་བསོར་བདེ་བར་འཁོད་གནང་མཛད་པ་དང་མགོན་པོ་གང་ཉིད་ནས་ཕྱི་ཚེས་༡༡་བར་ཆིབས་བསྒྱུར་མཛད་འཕྲིན་སྐྱོང་སྐབས་མང་ཚོཌ་ལ་གཙོ་བོ་འཚེ་མེད་ཞི་བ་དང་བྱམས་དང་སྙིང་རྗེ་ ཞི་བའི་གྲོས་མོལ་སོཌ་ཀྱི་སྐོར་མ་ཤེས་བཀའ་སློབ་སྩལ་འཆར་ཡོད་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་Rigaཡི་གནམ་ཐང་ནས་ཞུཌ་གནས་མགྲོན་ཁང་FG Royal Hotel ལ་ཞབས་བསོར་འཁོད་སྐབས་ས་གནས་ལ་ནང་པའི་དགེ་འདུན་པ་དང་ས་གནས་མི་མང་ ཡུལ་སྐོར་སྤྲོ་འཆམ་པ་སོཌ་ཀྱིས་བོད་ཀྱི་རྒྱལ་དར་ཕྱར་བ་དང་མགོན་པོ་གང་ཉིད་ནས་བརྩམས་གནང་བའི་ཕྱག་དེབ་ཕྱར་ནས་གུས་བསུའི་སྣེ་ལེན་ཞུས་འདུག་ལ། མགོན་པོ་གང་ཉིད་ནས་མི་མང་པོར་ཕྱག་བཏང་གནང་འདུག་  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་རིང་ཕྱི་ཚེས་༩་ཉིན་རྒྱབ་ཡུལ་དེའི་ཕྱག་ཚོད་༡་དང་ཕྱེད་ཀའི་ཐོག་Arena Riga འི་ཞེས་པའི་ཚོཌ་ཁང་ཆེན་མོའི་ནང་མང་ཚོཌ་ལ་བྱམས་བརྩེའི་གོམས་སྲོལ་ཞེས་པའི་བརྗོད་གཞིའི་ཐོག་མ་ཤེས་བཀའ་སློབ་སྩལ་གནང་མཛད་ཀྱི་ཡོད་པ་དེ་བཞིན་ཨིན་སྐད་དང་Lativan ཀྱི་སྐད། དེ་བཞིན་ར་ཤི་ཡའི་སྐད་ཐོག་གསུང་བསྒྱུར་ཞུས་ནས་ཐད་ཀར་རྒྱང་སྲིང་ཞུ་འཆར་འདུག་ལ། མགོན་པོ་གང་ཉིད་ཀྱི་བཀའ་སློབ་ཞུ་བར་བཅར་མཁན་ཡོང་ལ་མེ་ཏོག་པདྨ་དཀར་པོ་འཁྱེར་ཡོང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་མེ་ཏོག་དེ་དག་སྡིངས་ཆའི་སྟེང་སྒྲིག་ནས་གཞག་རྒྱུ་དང་དེ་ནས་ཕྱི་དྲོའི་ཕྱག་ཚོད་༥་པའི་ཐོག་ས་གནས་ཀྱི་ནང་པའི་སྤྱི་ཚོཌ་དང་Akmens རྣམས་ཀྱིས་ཆོས་ཕྱོཌ་ཀྱི་རྟེན་འབྲེལ་མཛད་སྒོ་ཞིག་གནང་སྐབས་ Daugava ཞེས་པའི་རྒྱུག་ཆུའི་ནང་གཏོར་འཆར་ཡོད་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་Lativa ཡི་མང་ཚོཌ་ལ་བྱམས་བརྩེའི་གོམ་སྲོལ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་མ་སྩལ་གོང་ལ་གཞོན་སྐྱེས་ཀྱི་བྱམས་བརྩེའི་བྱ་དགའ་ཞེས་པ་སྩལ་གནང་མཛད་འཆར་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་སྔོན་ཕྱི་ལོ་༡༩༩༡དང་ཕྱི་ལོ་༢༠༠༡ལོ་སོ་སོར་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་རེད། ད་རེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤར་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་Latvia དང་Lithunia, ཅེག་སྤྱི་མཐུན་རྒྱལ་ཁབ། ཇར་ན་བཅས་ཀྱིས་ནང་ཞུཌ་བཞག་ཉིན་གྲངས་༡༡ཙམ་རིང་ཆིབས་བསྒྱུར་མཛད་འཕྲིན་སྐྱོང་གི་ཡོད་པ་དང་ཡུལ་གྲུ་དེ་དག་ནང་གི་མཛད་འཕྲིན་ཁག་ལེཌ་གྲུབ་ཟིན་པའི་རྗེས་འདི་ཟླའི་ཚེས་༢༠་ཉིན་རྒྱ་གར་ཕྱོཌ་སུ་ཆིབས་གཞལ་འགྱུར་གནང་མཛད་འཆར་ཡོད་པའི་གནས་ཚུལ་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org