གྲ་སྒྲིག་སྡུག་ས་ནས་བྱེད་དགོས།

༧གོང་ས་མཆོག་ལ་ཧི་མ་ཅལ་མངའ་སྡེའི་དབུས་གཙུག་ལག་སློབ་ཁང་གིས་མཚན་ཉིད་རིག་པའི་མཁས་དབང་གི་ཆེ་བསྟོད་ཕུལ་འདུག

༧གོང་ས་མཆོག་ཧི་མ་ཅལ་མངའ་སྡེའི་དབུས་གཙུག་ལག་སློབ་ཁང་དུ་ཆིབས་བསྒྱུར་སྐབས་ཀྱི་འཆར་སྣང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། འཇིགས་མེད་སྙན་གྲགས།

༄༅།    །བཞུགས་སྒར་ཉེ་འཁྲིད་ཤཱ་པུར་Shapurས་གནས་སུ་རྟེན་གཞི་བྱས་པའི་ཧི་མ་ཅལ་མངའ་སྡེའི་དབུས་གཙུག་ལག་སློབ་ཁང་དུ་དེ་རིང་ཕྱི་ཚེས་༢༨ཉིན་སློབ་གྲྭ་དེའི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཐོག་མ་དེ་གནང་ཡོད་པ་དང་།    སྐབས་དེར་སྐུ་མགྲོན་གཙོ་བོར་བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆེད་དུ་གདན་ཞུ་ཕུལ་ཡོད་པ་རེད།    ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མིའི་རིགས་ལ་བྱམས་བརྩེ་དང་ཞི་བདེ་གོང་འཕེལ་སླད་སྐུ་ངལ་འཛེམས་མེད་བསྐྱོན་པར།དམིགས་བསལ་ལྟ་གྲུབ་རབ་འབྱམས་མཁས་དབང་གི་ཆེ་བསྟོད་ཕྱག་འཁྱེར་ཕུལ་ཡོད་པ་རེད།    
མཛད་སྒོ་དེའི་ཐོག་༧གོང་ས་མཆོག་ནས་དགེ་སློབ་རྣམས་ལ་བཀའ་སློབ་གནང་སྐབས།    ཤེས་ཡོན་སློབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི།    མི་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་།    དངོས་ཡོད་གནས་ཚུལ་གསལ་རྟོགས་ཆེད་ཡིན་པས། ཤེས་ཡོན་ཡར་རྒྱས་དང་ལྷན་སེམས་ནང་ཉོན་མོངས་ཅན་གྱི་བློ་ཇེ་ཉུང་དུ་བཏང་སྟེ།    མི་ཚེའི་རིན་ཐང་དང་བདེ་སྐྱིད་འཚོལ་ཐབས་གནང་དགོས་སྐོར་བཀའ་གནང་ཡོད་པ་རེད།    ༧གོང་ས་མཆོག་གིས་ད་དུང་།    བསླབ་པ་ཐར་སོན་གྱི་སློབ་ཕྲུག་རྣམས་ལ་དགོངས་ནས་ལམ་སྟོན་གནང་སྐབས།    མཐར་ཕྱིན་སློབ་ཕྲུག་རྣམས་ ཐོག་མར་སློབ་གྲྭར་ཡོད་དུས་རང་གི་གང་འདོད་ལྟར་བྱུང་ནས།    སྤྱི་ཚོགས་ཀྱི་ཉམས་མྱོང་ཡག་སྡུག་མང་པོ་ཞིག་ཤེས་ཀྱི་མེད་སྟབས།    ངེས་པར་དུ་གྲ་སྒྲིག་སྡུག་ས་ནས་བྱས་ཏེ་འཚོ་གནས་ཀྱི་འགོ་རྩོམ་དགོས་པ་མ་གཏོགས།    ཡག་ཕྱོགས་རྐྱང་རྐྱང་གི་བསམ་བློ་བཏང་བསྡད་ན།    འབྱུང་འགྱུར་གྱི་འཚོ་བའི་ཁྲོད་དཀའ་སྡུག་གི་བར་ཆད་འཕྲད་ན་དེ་ལ་གདོང་ལེན་གྱི་བློ་སྟོབས་མེད་པར།    སེམས་ཤུགས་ཆགས་ཉེན་ཡོད་པ་བཅས་ལམ་སྟོན་ཕེབས་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org