མི་ཚེའི་བདེ་སྐྱིད་དང་བྱམས་པ་དཀའ་ངལ་སེལ་ཐབས།
༸གོང་ས་མཆོག་ནས་གྲོང་ཁྱེར་སྦི་རིསསྦེན་མང་ཚོགས་སྟོང་ཕྲག་དགུ་ཙམ་ལ་བློང་དོར་གྱི་བཀའ་སློབ་བསྩལ་བ།
-
2011-06-18 -
-
-
༸གོང་ས་མཆོག་ནས་གྲོང་ཁྱེར་སྦི་རིསསྦེན་མང་ཚོགས་སྟོང་ཕྲག་དགུ་ཙམ་ལ་བློང་དོར་གྱི་བཀའ་སློབ་བསྩལ་བ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། དོན་ལྡན།
Your browser doesn’t support HTML5 audio
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༦ ཚེས་ ༡༧ ཨའོསི་ཊརེ་ལི་ཡའི་གྲོང་ཁྱེར་སྦི་རིསསྦེན་རུ་ཚན་རིག་པ་ཁག་གཅིག་དང་ལྷན་དུ་བདེ་སྐྱིད་དང་དེའི་རྒྱུ་ཅེས་པའི་བརྗོད་གཞིའི་ཐོག་གི་བགྲོ་གླེང་གི་ཚོགས་འདུའི་དབུ་མགོན་དུ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཆིབས་བསྒྱུར་བསྐྱང་གནང་མཛད་ཡོད་པ་དང༌། དེ་ནས་ཉིན་གུང་གྲོང་ཁྱེར་སྦི་རིསསྦེན་གྱི་བྷོ་ཊཱ་ནིཀ་ལྡུམ་རྭ་སྟེ་སྤྱི་གླིང་དུ་ཆིབས་བསྒྱུར་གྱིས་ མང་ཚོགས་ ༩༠༠༠ བརྒལ་བར་མི་ཚེའི་ནང་བདེ་སྐྱིད་འཚོལ་ཐབས་དང་སྡུག་བསྔལ་སེལ་ཐབས་ཅེས་པའི་བརྗོད་གཞིའི་ཐོག་བླང་དོར་གྱི་བཀའ་སློབ་སྩལ་གནང་མཛད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཨའོས་ཊརེ་ལི་ཡའི་གསར་འགོད་པ་དོན་ལྡན་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་ཡོད༎