༸གོང་ས་མཆོག་བཞུགས་སྒར་ནས་ཨ་རིའི་ནང་གི་མཛད་འཆར་ཆེད་ཆིབས་ཞལ་བསྒྱུར་བ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་མངའ་སྡེ་ཁག་ཅིག་ནང་གི་མཛད་འཆར་ཆེད་ཆིབས་བསྒྱུར་སྐྱོང་གནང་མཛད་པ།
-
2013-05-05 -
-
-
༄༅༎ཕྱི་ཟླ་༥ཚེས་༥རེས་གཟའ་ཉི་མའི་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ནས་ཆིབས་ཞལ་བསྒྱུར་གནང་མཛད་ཏེ་ཨ་རིའི་ནང་ཆིབས་བསྒྱུར་སྐྱོང་གནང་མཛད་ཀྱི་ཡོད་པ་དང་ཨ་རིའི་ནང་ཕྱི་ཟླ་ལྔ་པའི་ཚེས་༢༡བར་གྱི་མཛད་རིམ་ཁག་གི་ནང་ཐོག་མར་ཕྱི་ཚེས་༧ཉིན་ཨ་རིའི་རྒྱལ་ས་དང་ཐག་ཉེ་འབྲེལ་ཡིན་པ་མེ་རི་ལེནཌ་མངའ་སྡེའི་ནང་མེ་རི་ལེནཌ་སློབ་གྲ་ཆེན་མོར་ཆིབས་བསྒྱུར་གྱིས་མང་ཚོགས་ལ་ཞི་བདེ་དང་སྙིང་རྗེ་བརྒྱུད་ནས་ཞི་བདེ་ཐོབ་ཐབས་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་དང་ཉིན་དེའི་ད་དུང་ཁ་ཆེའི་Sufismཆོས་ལུགས་ཀྱི་མི་སྣ་དང་མཇལ་འཕྲད་དང་། ཕྱི་ཚེས་༩ཉིན་ཨ་རིའི་གྲོང་ཁྱེར་པོརཊ་ལེནཌ་དུ་པོརཊ་ལེནཌ་སློབ་གྲ་ཆེན་མོའི་ནང་ཆོས་ལུགས་རིས་མེད་ཀྱི་དབུ་ཁྲིད་ལྷན་འཛོམས་ཀྱིས་ཁོར་ཡུག་གནད་དོན་སྐོར་གྱི་ལྷན་ཚོགས་ཐོག་ལྷན་བཞུགས་གནང་རྒྱུ་དང་། དེའི་ཉིན་རྒྱབ་༸གོང་ས་མཆོག་ནས་ནང་སེམས་གཙང་མ་ཞེས་པའི་བརྗོད་གཞིའི་ཐོག་ནས་བཀའ་སློབ་སྩལ་རྒྱུ་མ་ཟད་ཕྱི་ཚེས་༡༠ཉིན་Eugene ཡུ་ཇིན་གྲོང་ཁྱེར་དུ་ཆིབས་སྒྱུར་གྱིས་ཨོ་རེ་གན་གཙུག་ལག་སློབ་གྲ་དང་བསམ་གཏན་ཆོས་གླིང་གཉིས་ཀྱི་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་གོ་ལའི་སྤྱི་ཚོགས་དེ་བཞིན་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཞིག་སྐྲུན་ཐབས་སྐོར་ལ་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་ཡིན་འདུག ཕྱི་ཚེས་༡༡ཉིན་མེ་ཁྲེད་པ་གཙུག་ལག་སློབ་གྲས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཁོར་ཡུག་གི་ཆེད་མཐོའི་ལྷན་ཚོགས་སུ་ཆིབས་བསྒྱུར་བསྐྱངས་རྒྱུ་ཡིན་ཞིང་དེ་རྗེས་དེའི་ཉིན་སྙིང་རྗེ་དང་གོ་ལའི་ཁོར་ཡུག་གི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་ཀྱི་ཡོད་འདུག ཕྱི་ཚེས་༡༤ཉིན་གྱི་སྔ་དྲོ་༸གོང་ས་མཆོག་ནས་མེ་ཌི་སན་ས་གནས་ནང་མང་ཚོགས་ལ་རྟེན་འབྲེལ་བསྟོད་པའི་གསུང་ཆོས་སྩལ་གནང་མཛད་ཀྱི་ཡོད་ཅིང་ཕྱི་ཚེས་༡༧ཉིན་ནིའུ་ཨོར་ལིན་ས་གནས་ནང་ཡོད་པའི་Tulane གཙུག་ལག་སློབ་གྲས་གཙོ་སྐྱོངས་གནང་བའི་སེམས་ཀྱི་སྡུག་བསྔལ་བྱམས་བརྩེ་དང་སྙིང་རྗེའི་ལམ་ནས་སེལ་ཐབས་ཞེས་པའི་བརྗོད་གཞིའི་བགྲོ་གླེང་ལྷན་ཚོགས་ཐོག་ལྷན་བཞུགས་གནང་གི་ཡོད་པ་དང་དེ་ཉིན་ས་གནས་དེར་མང་ཚོགས་ལ་བཀའ་སློབ་གནང་རྒྱུའི་མཛད་རིམ་དང་ཕྱི་ཚེས་༡༨ཉིན་Louisville ནང་ བྱམས་སྙིང་རྗེ་སྐོར་ལ་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུའི་མཛད་རིམ་ཡོད་འདུག།